སློབ་གསོ་གླེང་བ།

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་བཅའ་སྡོད་སློབ་གྲྭའི་དྲ་བ། དུས་ཚོད།:2009-03-05 09:59:18 ཀློག་གྲངས།:

  འཇིག་རྟེན་འདིའི་སྟེང་གི་མི་སུ་ཡིན་ཡང་དུས་ཀྱིས་ཚོད་འཛིན་མེད་པར་ཧ་ཅང་ལྐོག་གྱུར་དང་གོ་མེད་ཚོར་མེད་གྱི་ངང་ནས་སློབ་གསོ་བྱེད་མཁན་དང་སློབ་གསོ་མྱོང་མཁན་དུ་འགྱུར་གྱིན་ཡོད། གལ་ཏེ་སུ་ཞིག་གིས་གནམ་གྱིས་བཀོད་སྒྲིག་བྱས་པ་ལྟ་བུའི་སློབ་གསོ་མི་མྱོང་བའམ་གཞན་ལ་སློབ་གསོ་བྱེད་རྒྱུའི་སྐལ་བ་ལོངས་སུ་མི་སྤྱོད་པ་ཡིན་ན་མི་དེ་ནི་སྤྱི་ཚོགས་ཀྱི་མི་ཞིག་ཏུ་མི་འགྱུར་བའི་ཁར་ཁོ་ལ་རང་གི་འགྲོ་འདུག་ཉལ་འཆག་ཙམ་གྱི་ཆེད་དུ་གསོན་པའི་ནུས་པའང་ཡོད་པ་མ་རེད།ག་རེ་ཞེ་ན་མི་ཞིག་མི་བྱེད་འདོད་ཀྱི་འདུན་པས་ཀུན་ནས་བསླངས་ཏེ་འཇིག་རྟེན་དུ་འཚོ་སྡོད་བྱེད་མཁན་ཞིག་ཏུ་གྱུར་བ་ནས་སློབ་གསོའི་གཟེབ་ཏུ་ཚུད་ཚར་བ་རེད།

  དེའང་སྲིད་པའི་ཕུན་ཚོགས་ལ་ཞེད་དེ་སྟོང་བ་ཉིད་ཀྱི་ཆོས་དབྱིངས་ཆེན་པོར་ཞུགས་པའི་ཤཱཀྱ་ཐུབ་པའི་ལྟ་གྲུབ་ཀྱང་དེ་མ་ཉིད་དུ་སློབ་གསོ་རིགས་ཤིག་ཏུ་གྱུར་ཏེ་གདུལ་བྱ་འམ་རྗེས་འཇུག་དག་གི་ཆོས་ཀྱི་བགོ་སྐལ་དུ་ཐོབ་པ་མིན་ནམ། འོན་ཀྱང་ཤཱཀྱ་ཐུབ་པ་རང་ལ་མཚོན་ན་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་ཏེ་སྤྲུལ་བའི་རོལ་གར་ཐུན་མོང་མ་ཡིན་པ་དེ་ལ་ཞུགས་པའི་ཚེ་ན་སློབ་བུ་དག་གིས་སློབ་གསོའི་ངོ་བོ་མཚོན་པའི་མིག་ཆུ་ཁ་ཤས་ཕྱིར་ཕྱུང་བ་ལ་དོན་སྙིང་ཅི་ཡང་མེད་དོ།། དེའི་ཕྱིར་དུས་དེ་ནས་སེམས་ཀྱི་དེ་ཉིད་འཚོལ་མཁས་པའི་རྒྱལ་བུ་དོན་ཀུན་གྲུབ་པ་དང་སློབ་གསོ་བ་གྲགས་ཅན་ཤཱཀྱ་ཐུབ་པ་གཉིས་ཁ་ཁ་སོ་སོར་འབྲལ་མགོ་བརྩམས་པ་ཡིན་ཏེ་དེ་ནས་བརྩིས་པའི་ལོ་ངོ་ཆིག་སྟོང་ལྷག་གི་རྗེས་སུའང་ཆོས་གོས་ངུར་སྨྲིག་འཛིན་པའི་མཚན་ཉིད་པ་དག་གིས་“བདག་ཅག་གི་སྟོན་པ་ན་རེ།”ཞེས་པའི་ཚིག་དེས་དབུ་བསླངས་ཏེ་གཏམ་རྫོགས་མེད་ཅིག་འཆད་ཀྱིན་འདུག     

  འུ་ཅག་ཅིའི་ཕྱིར་མ་ཡུམ་གྱི་མངལ་ནས་ཐོན་པ་རེད་ཟེར་ན་སློབ་གསོས་དོགས་འཚེར་ཅི་ཡང་མེད་པར་འུ་ཅག་བསྒུགས་བསྡད་པས་རེད། འུ་ཅག་མ་ཡུམ་གྱིས་མངལ་ནས་ཐོན་མ་ཐག་སྤྲུལ་སྒྱུར་ལ་མཁས་པའི་སློབ་གསོ་འུ་ཅག་གི་མ་ཡུམ་ལ་སྤྲུལ་ཚར་འདུག་པ་རེད།  བར་མ་དོ་དེ་ནས་འུ་ཅག་གིས་རང་ཉིད་མངལ་ན་ཡོད་དུས་ཀྱི་མ་ཡུམ་དེ་བོར་བརླག་བྱུང་དུ་བཅུག་སོང༌། དེ་ནས་བཟུང་འུ་ཅག་གི་སྣང་ངོ་ནས་སློབ་གསོའི་འཇིག་རྟེན་དེ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཞིང་རིམ་གྱིས་སློབ་གསོ་ཁོ་ན་མ་གཏོགས་འུ་ཅག་བདག་ཏུ་འཛིན་མཁན་མེད་པར་གྱུར་སོང༌།འུ་ཅག་གིས་ལག་རྩལ་དང་འཇོན་ཐང་ཅི་རིགས་པ་བསླབས་ནས་ལྷུན་གྱིས་གྲུབ་པའི་དངོས་པོ་ཡོད་ཚད་ལ་རང་གི་འདོད་པ་བཞིན་བཟོ་བཅོས་བྱེད་མགོ་འང་བརྩམས་པ་རེད།

  གལ་ཏེ་མི་ཚེའི་གོ་རིམ་ཁྲོད་དུ་སྐྱེ་བ་དང་འཆི་བ་ནི་ཚེ་སྲོག་གི་རང་བཞིན་ངོ་མ་གསལ་བྱེད་ཀྱི་འོད་གྱི་ཐིག་ལེ་གཉིས་ཡིན་པའི་དབང་དུ་བཏང་ན་དེ་གཉིས་ཀྱི་བར་དུ་ཡོད་པའི་མུན་པ་མཐུག་པོ་དེ་ནི་སློབ་གསོ་ཁོ་ནས་གྲུབ་པ་ཡིན་ཏེ་དེའི་ནང་ནས་རང་གི་མཐོང་སྣང་དང་འཚམ་པའི་སྒྲོན་མེ་ཅི་ཙམ་ཞིག་བསྒྲོན་ནའང་དེས་གསལ་ཐུབ་པ་ནི་སྡུག་བསྔལ་དང༌། བླུན་རྨོངས།ན་ཚ། སུན་སྣང༌། བྱས་པ་ཆུད་གཟོ་བ། གཏད་སོ་བྲལ་བ། དོན་གྱིས་སྟོང་བ་སོགས་ལས་གཞན་ཅི་ཡང་མིན་ནོ།།དེ་དག་ཀྱང་མཆེ་བ་གཟེངས་ཤིང་ངར་སྐད་སྒྲོག་པའི་གཅན་གཟན་སྟོབས་པོ་ཆེ་དག་གི་དཔེ་རུ་བཀོད་ན་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོས་གྲུབ་པའི་མི་ལུས་ཉམ་ཆུང་བ་དག་ལ་ངོམ་དུ་རུང་བའི་རིན་ཐང་ག་འདྲ་ཡོད་དམ།

   སློབ་གསོ་གླེང་ཚེ་ཅིས་ཀྱང་སློབ་གསོ་རིག་པ་གླེང་དགོས་ཏེ།  ཅི་སྟེ་སློབ་གསོ་རིག་པའི་འཁར་བ་བཞུན་མོ་དེར་ཁེན་པའི་སློབ་གསོ་ནི་ནམ་ཡང་འཐེང་འགྲོས་ཀྱིས་མདུན་དུ་སྐྱོད་པ་དེ་བཞིན་དུ་སློབ་གསོའི་འོ་མས་གསོས་པའི་སློབ་གསོ་རིག་པའི་ཁྱེའུ་རྒྱགས་པ་དེས་ཀྱང་ནམ་ཡང་མིའི་རིགས་ཀྱི་མདུན་ལྗོངས་ཀྱི་ཕྱོགས་སུ་དགའ་ཀྲོག་ཀྲོག་གིས་རྩེད་མོ་ཁ་ཤས་རྩེན་པར་བྱེད། རྒྱུ་མཚན་ཡོད་དེ། ཁྱེའུ་རྒྱགས་པ་དེས་དོན་མེད་དུ་རྩེད་མོ་རྩེ་བ་ཙམ་མ་ཡིན་པར་དེས་ཁྱོད་ལ་ཁྱིམ་ཚང་དང་སྤྱི་ཚོགས་ལྟེ་སྙིང་དུ་བྱས་པའི་ཀུན་སྤྱོད་ཀྱི་འཁོར་ལོ་དེ་སྐོར་དུ་འཇུག་ཅིང་སྐོར་བ་གྲངས་མེད་བརྒྱབ་པའི་འཁོར་ལོ་དེའི་བར་གསེང་ནས་ཁྱོད་ཀྱི་ཁྲག་དང་རྔུལ་ཆུ་རིན་ཐང་མེད་པར་ས་ལ་ཟགས་ངེས།

སློབ་གསོ་རིག་པ་བ་ཀུན་གྱིས་སློབ་གསོའི་དབུ་རང་དབང་ནས་ཚུགས་ཤིག་མཇུག་བདེ་སྐྱིད་ཀྱིས་བསྡུ་ཐུབ་པར་འདོད་མོད་འོན་ཀྱང་དོན་དམ་གྱི་སློབ་གསོ་དེ་བསླབ་དེབ་དང༌།ཡིག་རྒྱུགས། མཐར་ཕྱིན་དཔང་ཡིག  དཀའ་བཅུ་བའམ་འབུམ་རམས་པའི་ཞྭ་མོ་ཟུར་བཞི་སོགས་དང་འབྲལ་ཐབས་མེད་ལ་སློབ་གསོའི་མཐར་ཐུག་གི་སྡོམ་ཚིག་ཀྱང་འདི་རེད་དང༌།དེ་མ་རེད་ཅེས་པའི་གནས་ལུགས་བཙན་ཚུགས་པ་དག་ལས་འདའ་མི་ཐུབ།

  དེའི་ཕྱིར་སློབ་གསོའི་མདུན་དུ་འཚང་ཁ་ཤིག་ཤིག་གིས་གཞིས་བཅས་པའི་སྐྱེ་བོ་ཡོད་དོ་ཅོག་དམུ་རྒོད་ཀྱི་ལུང་བས་རྒྱང་ཕུད་དུ་བཏང་བ་ཤ་སྟག་ཡིན་ལ་ཁོ་ཚོས་སྡོད་ཁང་མང་བོའི་བར་གསེང་ན་སྡོམ་གྱི་དྲ་བ་མིག་གིས་མི་ཟིན་པ་རེབཟོ་བཞིན་ཡོད། དེ་བས་སློབ་གསོས་ཁ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།