བོད་ཀྱི་སྐད་ཡིག་དང་བོད་རིགས་མི་དམངས་ཀྱི་རིག་གནས་སློབ་
རང་རེའི་བོད་རིགས་ལ་མ་མཐའ་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱའི་གོང་རོལ་ནས་འཇིག་རྟེན་གྱི་མིག་ཏུ་བསྔགས་པའི་བཀའ་དྲིན་ཅན་ཐོན་མོ་སམ་བྷོ་ཊ་གང་དེའི་མཁྱེན་རབ་དང་དཀའ་ཐུབ་ལ་བརྟེན་ནས་བོད་ཡིག་འདི་གསར་དུ་བཏོད་ནས་རྒྱུུན་མ་ཆད་པར་སྤྱོད་ཐུབ་པ་བྱུང་བར་བརྟེན། ཕྱོགས་གཅིག་ནས་ཡི་གེ་འདིར་བརྟེནཏེ་ཕྱི་ནས་དྲངས་པ་དང་རང་གིས་བརྩམས་པ་སོགས་ཀྱིས་མི་རིགས་རང་ཉིད་ལ་མཁོ་བའི་རིག་གནས་མང་དག་བསགས་པར་རྟེན། མི་རིགས་འདི་ཉིད་ཤེས་རིག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་བྱུང་སྟེ་འཛམ་གླིང་དུ“བོད་རིག་པ”ཞེས་པའི་རིག་ཚན་ཞིག་རྒྱལ་ཁབ་མི་ཉུང་བར་ཁྱབ་ཅིང་ཞིབ་འཇུག་བྱེད་མཁན་ཡང་མང་དག་ཅིག་བྱུང་འདུག ཕྱོགས་གཅིག་ནས་སྐད་ཡིག་འདི་ཉིད་རྒྱུན་མ་ཆད་པར་བེད་སྤྱོད་བྱས་པར་བརྟེན། ཡི་གེ་རང་ཉིད་ཀྱང་ཇེ་ལེགས་དང་ཕུནུ་སུམ་ཇེ་ཚོགས་སུ་སོང་སྟེ་དོན་སྟོན་གྱི་ནུས་པ་སྔར་བས་ཇེ་ཆེར་འགྲོ་བཞིན་དུག་ལ། སླད་ཕྱིན་ད་དུང་ཡང་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ཐེ་ཚོམ་མི་འདུག
བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་ཆེ་བའི་སྐོར།
མི་རིགས་གང་ཞིག་གི་དམངས་ཡོངས་ཀྱི་ཚན་རིག་རིག་གནས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བར་གཙོ་བོར་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་དགོས་པ་ཆོས་ཉིད་ཡིན་པར་འཛམ་གླིང་སྤྱི་ཚོགས་ཀྱ་སློབ་རིག་ཚན་ཁག་གིས་ཁས་ལེན་ཞིང་གཏན་འབེབས་ཀྱང་གནང་མྱོང་བ་མ་ཟད། གཞུང་ལུགས་ཐོག་རིག་པས་གྲུང་ཅིང་ལག་ལེན་དངོས་ཀྱི་ཐོག་ཏུའང་ར་འཕྲོད་བྱུང་ཡོད་ལ། རང་རེའི་རྒྱལ་ཁབ་ཀྱི་མིརགས་སྲིད་ཇུས་སུ་མི་རིགས་གྲངས་ཉུང་ཁག་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུའི་རང་དབང་ཡོད་པར་གསལ་བར་མ་ཟད། བོད་ཞི་བས་བིངས་འགྲོལ་གྱི་གྲོས་མཐུན་དུའང་གསལ་བོར་གཏན་འཁེལ་ཡོད་པར་བརྟེན། བོད་ཞི་བས་བཅིངས་འགྲོལ་བྱུང་མ་ཐག་ཐོག་མར་ནན་ཏན་ངང་ལག་ལེན་བསྟར་ཏེ༡༩༥༢ལོར་ལྷ་སའི་སློབ་ཆུང་བཙུགས་པ་དང་མཉམ་དུ་སློབ་ཚན་ཚང་མ་བོད་ཡིག་གི་ལམ་ནས་འཁྲིད་པར་བརྟེན། བོད་རིགས་སློབ་གྲྭ་བས་སོ་སོར་གང་ཁྲིད་པ་རྣམས་མགྱོགས་ཚམ་ཤེས་པར་མ་ཟད། ལོ་རིམ་གསུམ་པ་དང་བཞི་པར་སླེབས་དུས་བོད་ཡིག་ལམ་ནས་རྩོམ་ཐུང་དང་སྤྱིར་བཏང་གི་གཏོང་ཡིག་སོགས་འབྲི་རྒྱུར་དཀའ་ངལ་མེད་པ་དང་། དེ་རྗེས་སློབ་གྲྭ་འབྲིང་བ་བཙུགས་མཚམ་སུ་སློབ་ཚན་བྱིངས་གཞི་བོད་ཡིག་གིས་འཁྲིད་པའི་ཐོག རྒྱ་ཡིག་ཀྱང་བསྟན་ཅིང་། དེ་ནས་མིམ་གྱིས་བོད་ཡིག་སློབ་ཚན་ཕུད་སློབ་ཚན་བྱིངས་རྣམས་རྒྱ་ཡིག་ཐོག་ནས་ཁྲིད་སྟབས། སློབ་མ་རྣམས་སློབ་གྲྭ་འབྲིང་བའི་མཐོ་རིམ་ནས་ཐོན་སྐབས་ནང་དོན་གང་ཁྲིད་པ་གོ་བ་ལེགས་པར་ལེན་ཐུབ་པ་བྱུང་ཞིང་། (རང་སྐད་ཀྱི་རྨང་གཞི་ལེགས་པར་བཏིང་མཚམས་གཞན་སྐད་ཀྱང་ཤེས་མྒཡོགས་པ་ཆོས་ཉིད་ཡིན་པ་དེ་རྒྱུས་ཡོད་མཁན་ཚང་མས་ཁས་ལེན་པར་འདུག)སྐབས་དེར་བོད་ལྗོངས་སུ་སློབ་གྲྭ་ཆེན་མོ་ད་དུང་བཙུགས་མེད་པར་བརྟེན་ནང་སར་གཏོང་དགོས་བྱུང་། པར་ཆིན་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ལོ་གཅིག་རིང་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་ཚན་གསབ་སྦྱོང་བྱས་རྗེས་པེ་ཅིན་གྱི་སློབ་གྲྭ་གྲགས་ཅན་ཆིན་ཧྭ་དང་། དགེ་འོས་སློབ་གྲྭ་ཆེན་མོ་སོགས་སུ་བསྐྱལ་ནས་སློབ་སྦྱོང་བྱས་ཤིང་། སློབ་སྦྱོང་གི་དུས་ཚོད་ལོང་ཞིས་སློབ་གྲྭ་ཆེན་མོའི་མཐའ་རྒྱུགས་འཕྲོད་དེ་སླར་བོད་ལྗོངས་སུ་ལོག་སྐབས་བོད་རྒྱའི་ཡིག་རིགས་གཉིས་ལ་ཐོགས་པ་མེད་ཅིང་། དེང་སྐབས་ཀྱི་ཚན་རིག་ཀྱང་གང་འཚམ་པ་ཞིག་ཤེས་པར་བརྟེན། བོད་ལྗོངས་སུ་མཁོ་ངེས་ཡིན་པའི་མི་རིགས་རང་ཉིད་ཀྱི་ཤེས་ཡོན་ཅན་ཁག་དང་པོ་དེ་གསོ་སྐྱོང་ཐོན་པ་ཡིན་འདུག
རྗེས་སུ་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོའི་རགྭད་ཆག་བྱུང་རྗེས། རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་བོད་རིགས་ལ་ཨུ་ཚུགས་ཀྱིས་རྒྱ་ཡིག་བསླབས་ཤིང་དུས་ཚོད་ཐུང་ངུའི་ནང་དུ་རྒྱ་ཡིག་མང་པོ་ཤེས་ཐུབ་པའི་འུད་བཤད་བྱས་པ་སྟེ། དཔེར་ན་བྱང་འབྲོག་རྒྱ་སྐད་ཚིག་གཅིུག་ཀྱང་མི་ཤེས་མཁན་ག་གེ་མོ་ཞིག་གིས་ཟླ་བ་གཅིག་གི་ངན་རྒྱ་ཡིག་ཡིག་འབྲུ་སུམ་སྟོང་ཙམ་ཤེས་ཐུབ་བྱུང་ཞེས《བོད་ལྗོངས་ཉིན་རེའི་ཚགས་པར》རྒྱ་ཡིག་མའི་ཐོག་བཀོད་མྱོང་།
མར་ལེ་རིང་ལུགས་མཛད་པོ་རྣམ་པའི་ལྟ་བ་གཞིར་བཟུང་། ལྕགས་རིགས་དང་ཡི་གེ་གཉིས་བྱུང་བ་ནས་བཟུང་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་སླེབས་པར་གསུངས་པ་ལྟར་དང་། བོད་ལྗོངས་སུའང་ཡི་གེ་ནི“མིང་ཚིག་བརྗོད་པ་ཀུན་གྱི་གཞི”ཡིན་པར་ཡིག་ཆ་ཁ་ཤས་སུ་གསལ་བ་བཞིན། མི་རིགས་ཤིག་ལ་མཚོན་ན་རང་ཉིད་ལ་ཡི་གེ་ཞིག་ཡོད་མེད་ནི་ཧ་ཅང་གལ་ཆེའི་གནད་ལ་ཐུག་སྟབས། ངེས་པར་ཇི་བཞིན་སྤྱོད་ཐུབ་པ་ཞི
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com