སློབ་ཆུང་བོད་ཡིག་བསླབ་དེབ་ཁྲོད་ཀྱི་སྐྱོན་རྣམས་རགས་ཙམ་གླེང་བ།
དང་པོ། མི་རིགས་ཀྱི་ཁྱད་ཆོས་ཞན་པ།
མི་རིགས་སློབ་གསོའི་རྩ་བ་ནི་མི་རིགས་རང་གི་སྐད་ཡིག་བེད་ལེགས་པར་སྤྱད་དེ། མི་རིགས་གང་གི་རིག་གནས་ཀྱི་སྙིང་བོ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་ཡིན། བསླབ་པར་བྱ་བ་ལས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ཞན་པ་ནི། མི་རིགས་འདྲ་མཉམ་གྱི་དགོངས་གནད་དོན་ཐོག་ཏུ་མ་འཁྱོལ་བའི་སྐྱོན་ཆེན་པོ་ཞིག་རེད། དཔེར་ན། སློབ་ཆུང་ལོ་བཞིའི་ལམ་ལུགས་ཀྱི་བསླབ་དེབ་བརྒྱད་པོའི་ནང་ན། སློབ་ཚན་བརྒྱ་དང་གྱ་དགུ་ཡོད་ཀྱང་། བོད་ཀྱི་གནས་ཚུལ་དངོས་སུ་བརྗོད་པའི་སློབ་ཚན་ལྔ་བཅུ་ཙམ་དུ་ཟད་དེ། སློབ་ཚན་སྤྱིའི་27%ལས་ཟིན་མེད། དེའི་ནང་ནས་རང་སྦྱོང་སློབ་ཚན་དང་བལྟ་ཀློག་སློབ་ཚན་ཕུད་ན། དངོས་གཞིའི་ཁྲིད་བྱའི་སློབ་ཚན་སུམ་ཅུ་ཙམ་ལས་མེད། དེས་སློབ་ཚན་སྤྱིའི་15%ལྷག་ཟིན་པས། སློབ་མ་ཚོས་ལོ་བཞིའི་རིང་གི་བསླབ་སྦྱང་ལས། མི་རིགས་གཞན་གྱི་གནས་ཚུལ་མང་ཙམ་ཤེས་ཀྱང་། མི་རིགས་རང་གི་གནས་ཚུལ་ཕྱོགས་འགྲོ་ཙམ་ཡང་ཤེས་དཀའ་བར་གྱུར་སྣང་།
གཉིས། འགྱུར་སྐྱོན་མང་བ།
བསླབ་དེབ་དེ་དག་ནང་གི་སློབ་ཚན་ཕལ་ཆེར་རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་བར་སྣང་ལ། སྒྱུར་རྩལ་ཞན་པའི་དབང་གིས་རྡོ་ཆག་བཙན་སྒྲིག་དང་། བོང་ལྟོ་སྲ་བསྲེས་བྱས་པ་མང་ཞིང་། མཚམས་རེར་དོན་གྱི་འབྲས་བུ་ཚིག་གི་ལོ་མས་བསྒྲིབས་ནས། སློབ་མས་བསྟན་དོན་ཇི་བཞིན་གོ་བ་ཕར་ཟད། རྒྱ་སྐད་ལ་བྱང་ཆ་མེད་པའི་དགེ་རྒན་གྱིས་ཀྱང་གོ་དཀའ་བར་སྣང་། དེ་དག་ཀྱང་གནད་དྲིལ་ན་སྐྱོན་ཆེ་རིགས་གཉིས་མཆིས་ཏེ། གཅིག་ནི་ཐ་སྙད་མ་དག་ན་ཚིག་མོག་པོར་གྱུར་ནས། གོ་བརྡ་ལེགས་པོར་མི་འཕྲོད། རང་སྐད་ཀྱིས་འགྲོས་དང་མཐུན་པའི་ཐ་སྙད་སྐོར་ཞིག་སྔ་སོ་ནས་ས་ཁྱབ་ཏུ་གྱུར་ཡོད་མོད་ཀྱང་། དེ་དག་བསྐྱུར་ནས་མི་མཐུན་བཞིན་དུ་རྒྱ་སྐད་དང་བསྟུན་ཅི་ཐུབ་ཀྱིས་མཚན་ཉིད་ཀྱིས་དབེན་པའི་ཐ་སྙད་གསར་བར་བསྙད་པ་མང་པོ་ཞིག་སྦྱར་བས། ཝ་ལ་བལྟས་ནས་སྟག་གི་རི་མོ་བྲིས་པ་བཞིན་མཁས་རྟགས་བླུན་རྟགས་སུ་སྣང་། དཔེར་ན།马驹儿ནི་རྟེའུའི་དོན་ཡིན་མོད། རྟེའུ་ཕྲུག་ཏུ་བསྒྱུར་བ་ནི་འགྱུར་མ་དག་པ་སྟེ། རྟེའུ་ཡི་ཕྲུ་གུ་ལ་གོ་བར་འགྱུར་ལ། ཁྱི་ཕྲུག་ནི་ཁྱིའི་ཕྲུ་གུ་ཡིན་པས་གསལ། ཡང་སྐྱ་ཀའི་བྲང་གཞུང་དུ་སྒྲོ་སྤུ་དཀར་པོ་སྐྱེས་ཡོད་ཅེས་པ་ལས། བྲང་གཞུང་ཟེར་བ་བྲང་དང་སྒལ་གཞུང་གཉིས་བསྟན་པ་ཡིན་ནམ། བྲང་གི་དཀྱིལ་ཙམ་ལ་བསྟན་པ་ཡིན། སུས་གསལ། 老张ལ་རྒན་ཀྲང་ལགས་ཞེས་བསྒྱུར་ཡོད་ལ། སྐབས་དེར་བསྟན་པའི་མི་དེ་ནི་ན་གཞོན་ཞིག་སྟེ།རྒན་པོ་ཞིག་མིན། 老ཞེས་པ་མིང་མགོར་སྦྱར་བའི་སྒྲ་ཞིག་སྟེ། 老虎、老鼠ཞེས་པ་ལྟ་བུ། རྒན་ཀྲང་ཞེས་པ་སུས་ཤེས། ཡང་། ངས་མིག་མདའ་རྒྱ་མཚོའི་ཕྱོགས་ཀུན་ཏུ་འཕངས་ཞེས་པ་ལས། མིག་མདའ་འཕེན་པ་ནི་མིག་ཟུར་གྱིས་ལྟ་བའི་དོན་ཡིན་ཏེ། རྒྱ་མཚོའི་ཕྱོགས་བཞིར་ལྟ་བ་ལ། མིག་ཟུར་གྱིས་གོ་ཆོད་དམ། འདིར་ཕྱོགས་བཞི་དང་ཀུན་ནས་དོན་གཅིག་ཏེ། ཟློས་སྐྱོན་མིན་ནམ། འདི་འདྲའི་བཤད་ཚུལ་ནི་ངག་སྙན་པར་བྱས་པ་ཡིན་ནམ། ཚིག་ཉོག་པར་བྱས་པ་ཡིན། ལྷ་འཆོ་རྒྱུ་མང་ན་སྤྱན་ཡོ་ཟེར་བའི་དཔེར་སོང་ངོ་།།
ཅིག་ཤོས་ནི། ཚིག་གི་མགོ་རྟིང་བཟློག་པ་སྟེ། སྐད་རིགས་གང་ཡིན་རུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད། བྱ་བྱེད་ལས་གསུམ་དང་། སྐོང་སྤྲས་ངེས་གསུམ་གང་ལ་གང་སྦྱོར་གོ་རིམ་ངེས་པ་ཞིག་དགོས། ལོ་ཙྰར་གོ་རིམ་ལོག་པར་སྦྱར་བ་ནི། ཚིག་གི་རྣམ་པ་བཤུས་ནས་དོན་གྱི་ངོ་བོ་བསྒྲིབས་པའི་སྐྱོན་ཆེན་པོ་ཞིག་གོ།། དཔེར་ན། ངས་མི་ཞིག་གི་མཛུབ་མོས་རྒྱང་རིང་བསྟན་པའི་ཕྱོགས་དེ་ལ་བལྟས་པ་ན……། རྒྱང་རིང་གི་མུ་མཐའ་རུ་དགུང་ལ་ཟུག་པའི་མཁར་རྫོང་འདྲ་བ་ཞིག་མཐོང་བྱུང་ཞེས་པའི་ཚིག་འདིའི་གོ་རིམ་ཉོག་ཅིང་ཟློས་སྐྱོན་ཡོད་པས། ཚེག་དབར་སུམ་ཅུ་སོ་བཞི་ཡོད་ལ། བརྗོད་པ་ལའང་མི་བདེའོ།། ཚིག་དག་པར་བཅོས་ན། མི་ཞིག་གིས་མཛུབ་མོས་བསྟན་སའི་རྒྱང་དེར་ངས་བལྟས་པ་ན། མཁར་རྫོང་དགུང་ལ་བསྙེགས་པ་འདྲ་བ་ཞིག་མཐོང་ངོ་།། ཞེས་པར་འགྱུར་བས་ཚིག་ཁ་གསལ་ཞིང་ཚེག་དབར་སུམ་ཆའི་གཅིག་ཇེ་ཉུང་དུ་བཏང་ཆོག
གསུམ་པ། འོར་སློབ་ཀྱིས་དུས་ཚོད་མང་བོ་བ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com