བོད་ཡིག་སློབ་གཞིའི་འགྱུར་ཡིག་གཅིག་གྱུར་བཟོ་ཐབས་ཀྱི་བསམ་ཚུལ་འགའ།
བོད་ཡིག་སློབ་གཞི་ནི་བོད་ཡིག་སློབ་གྲྭའི་དགེ་རྒན་གྱིས་ཁྲིད་གཞི་དང་སློབ་མའི་སློབ་གཞི་གཙོ་བོ་ཡིན་པས། བོད་ཁུལ་གྱི་སློབ་གསོའི་སྤུས་ཚད་བཟང་མིན་དེ་ཕྱོགས་ངེས་ཅན་ཞིག་གི་སྟེང་ནས་ང་ཚོའི་ལས་ཁུངས་ཀྱི་སློབ་གཞིའི་ཡིག་སྒྱུར་ཆུ་ཚད་བཟང་མིན་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། དེས་ན་དེང་སང་ང་ཚོའི་སློབ་གཞིའི་ཁྲོད་དུ་འགྱུར་ཡིག་གཅིག་གྱུར་མིན་པའི་གནད་དོན་སྔར་བཞིན་ཅུང་ཚབས་ཆེ་བས། ངས་བལྟས་ན་ཕྱིན་ཆད་ང་ཚོས་གཅིག་གྱུར་གྱི་སྒྱུར་སྲོལ་འོས་འཚམ་ཞིག་གཏན་ལ་ཕབ་པ་དང་། དེའི་ཁར་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་སློབ་གཞིའི་ཐ་སྙད་བཀས་བཅད་ཀྱི་བྱ་བ་གཙིགས་ཆེན་དུ་འཛིན་རྒྱུ་ནི་སློབ་གཞིའི་འགྱུར་ཡིག་གཅིག་གྱུར་བྱེད་པའི་གནད་འགག་རེད་སྙམ་པས། འདིར་བདག་གིས་དེའི་ཕྱོགས་ལ་རང་བློས་ལྕོགས་ཚོད་ཀྱིས་ཟུར་ལྟའི་ཚུལ་དུ་འཆར་སྒོ་རེ་ཞུས་ན།
གཅིག སྔར་ཡོད་སོར་འཇོག
འཛམ་གླིང་ཐོག་རང་ལ་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཞིག་ཡིན་རུང་གསར་དུ་ཐོན་པའི་བྱ་དངོས་རིགས་ལ་རང་གི་ཡིག་སྐད་ནང་དེ་མཚོན་བྱེད་ཀྱི་ཐ་སྙད་གསར་བ་སྣོན་དགོས་པ་ནི་འཛམ་གླིང་སྤྱིའི་རིག་གནས་གོང་འཕེལ་དུ་གཏོང་བའི་ཆོས་ཉིད་དང་མཐུན་མོད། འོན་ཀྱང་། རང་སྐད་ཁྲོད་དུ་དོན་དེ་མཚོན་བྱེད་ཀྱི་ཐ་སྙད་ཡོད་པ་དག་སོར་འཇོག་གིས་བེད་སྤྱོད་པ་ནི་འགྱུར་ཡིག་རང་ཤུགས་ཀྱིས་ཚད་ལྡན་དང་གཅིག་གྱུར་བཟོ་བའི་བྱེད་ཐབས་བཟང་པོ་ཞིག་རེད་སྙམ། དེས་ན་སྔར་ཡོད་ཐ་སྙད་དག་ཇི་ལྟར་འཚོལ་སྡུད་བྱེད་ཅེ་ན། དེ་ནི་བརྩམས་གཞུང་མང་པོ་དང་འཚོ་བ་དངོས་ཀྱི་ཁྲོད་ནས་འཚོལ་སྡུད་བྱེད་དགོས་པ་ནི་གཙོ་བོ་ཡིན་ཏེ། རྒྱུ་མཚན་ནི་རང་རེའི་བོད་ཡིག་འདི་བྱུང་ནས་མ་མཐར་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འདས་ཤིང་དེའི་རིང་ལ་རིག་གནས་ཆེ་ཆུང་ལྔའི་བརྩམས་གཞུང་རི་བོའི་གཏོས་དང་མཉམ་པ་ཞིག་བརྩམས་ཡོད་པ་ང་ཚོར་མཇལ་རྒྱུ་ཡོད་པ་དང་། མདོ་དབུས་མཐོ་སྒང་དུ་བོད་མི་རིགས་འདི་བྱུང་བའི་ལོ་རྒྱུས་ཀྱང་རྡོ་ཆས་གསར་བའི་དུས་བར་འདེད་རྒྱུ་ཡོད་པས། དུས་ཡུན་དེ་འདྲ་རིང་བོ་ཞིག་དང་བརྩམས་ཆོས་དེ་འདྲ་མང་པོ་ཞིག་གི་ནང་དུ་ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་དོན་དག་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཡིད་འགྱུ། ཆོས་དང་འཇིག་རྟེན་གྱི་གནས་ལུགས་བཅས་ཡང་དག་ངང་བརྡ་སྤྲོད་ཐུབ་པའི་ཐ་སྙད་མང་པོ་བསགས་མེད་པ་ནི་དཔེ་མི་སྲིད་པས། ང་ཚོ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་འགྲམ་དུ་བ་ཚྭའི་ཁྲོན་པ་བརྐོ་བའི་དཔེ་མི་བྱེད་པར། གང་མཁོ་དེ་ཕྱོགས་ཀྱི་དཔེ་ཆ་མང་པོ་ལྟ་ཀློག་དང་འཚོ་བ་དངོས་བརྒྱུད་ནས་རང་བློའི་ཐ་སྙད་ཀྱི་བང་མཛོད་ཇེ་ཕྱུག་ཏུ་བཏང་ན། ཡོད་བཞིན་དུ་གཞན་ཞིག་ཏུ་བསྒྱུར་བ་སྟེ། དཔེར་ན།
རྒྱ་ཡིག་གི་མིང་ཚིག | རྒྱ་བོད་ཤན་སྦྱར་དུ | རང་སྐད་ཚད་མ |
双眼皮 | དཀྲི་ཀ་གཉིས་བརྩེགས | ཆ་ག |
零食 | ཁ་ཏོག་རྩག་རྩིག | ཁྱེའུ་སུས |
香水 | དྲི་ཞིམ་བྱུག་ཆུ | དྲི་ཆབ |
馅饼 | ཤ་ཐུམ་བག་ལེབ | བེ་རེག |
处女 | བུ་མོ་གཙང་མ | ཕྱུགས་ཆུང |
阳性 |
འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858 འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།
|