༄༅།།བོད་རིགས་བྱིས་པའི་ཁྱིམ་བདག་རྣམས་ལ་ཕུལ་བའི་འཕྲིན།
རྒྱ་ཆེ་བའི་བོད་རིགས་བྱིས་པའི་ཁྱིམ་བདག་ལགས།
མིག་སྔར་ང་ཚོ་བོད་ཁུལ་སྤྱི་ལ་མཚོན་ན་རང་གི་སྐད་དང་ཡིག་རིགས་གད་སྙིགས་སུ་བསྐྱུར་ནས་མི་རིགས་གཞན་གྱི་སྐད་དང་ཡིག་རིགས་སློབ་རྒྱུར་སྐོམ་པ་ཆུ་འདོད་ཀྱི་གནས་སུ་འགྱུར་བཞིན་པའི་སྣང་ཚུལ་ནི་ཉིན་རེ་ལས་ཇེ་མང་དུ་འགྲོ་བཞིན་འདུག འུ་ཅག་ཀུན་གྱི་ཤེས་གསལ་ལྟར།ང་ཚོའི་མི་རིགས་འདི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ད་ལྟའི་བར་དུ་མ་འཇིག་པར་གནས་ཐུབ་སོང་བ་ནི།སྐད་ཡིག་དང་གོམས་གཤིས།རིག་གཞུང་སོགས་ཀྱི་བཀའ་དྲིན་ཁོ་ན་ཡིན་མོད།འོན་ཀྱང་དེང་སྐབས་ཕྱི་རྐྱེན་དང་ནང་རྐྱེན་གང་རུང་གིས་མི་རིགས་འདིའི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་ནི་ཉམ་ཆུང་ཞིང་ཉག་ཕྲ་བའི་གནས་སུ་ལྷུང་ཡོད་ཕྱིར་རང་ཅག་བོད་པའི་རིགས་སུ་སྐྱེས་པའི་མི་ཞིག་ཡིན་ཕྱིན་བལྟས་བལྟས་རིག་རིག་ལ་རང་རིགས་ཀྱི་སྐད་དང་ཡི་གེ་སོགས་ཉམས་རྒུད་དུ་འགྲོ་རུ་འཇུག་ག་ལ་རུང༌།ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་“ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན།བོད་རིགས་ཞིག་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད།”ཅེས་ཡང་ཡང་དུ་གསུངས་མྱོང་ལ།བོད་མཁས་པ་དག་གིས་ཀྱང་“ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང༌།།མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།།སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང༌།།རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།”ཅེས་འཚང་ལ་འབབ་པའི་གདམས་ངག་གི་མཆོག་མང་དུ་གསུངས་བ་ལ་ཅུང་ཙམ་བསམ་པར་གྱིས་ལ་ང་ཚོས་བོད་རང་གི་སྐད་ཡིག་བཞིར་བཟུང་ནས་སྐད་ཡིག་གཞན་ལ་འབད་བརྩོན་བྱེད་རྒྱུ་ནི་ང་ཚོ་བོད་པ་སྤྱི་དང་ཁྱད་པར་དུ་བོད་རིགས་བྱིས་པའི་ཁྱིམ་བདག་རྣམས་ཀྱི་ཕྲག་ལ་བབས་པའི་འོས་འགན་གལ་ཆེན་ཞིག་རེད།གནས་ཚུལ་འདི་ལ་གཞིགས་ནས་ཁོ་བོས་《བོད་ཡིག་སྦྱངས་རིས་བྱིས་པ་དགའ་སྐྱེད》ཅེས་པའི་སློབ་ཁྲིད་འགལ་རིས་འདི་པར་སྐྲུན་བྱས་པ་ཡིན་ལ་ཕྱོགས་གཅིག་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཕན་ནུས་ངེས་ཅན་ཞིག་ཨེ་ལྡན་སྙམ་པ་དང༌།ཕྱོགས་གཞན་ཞིག་ནས་བྱིས་པས་བོད་ཡིག་སློབ་སྦྱོང་གི་ཐད་ལ་སྟབས་བདེ་བཟོས་པ་ལགས།
མཐར་ཁྱེད་ཅག་གི་བྱ་བཞག་ལམ་འགྲོ་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུ །
《བོད་ཡིག་སྦྱངས་རིས་བྱིས་པ་དགའ་སྐྱེད》སྒྲིག་རྩོམ་པས།
སྤྱི་ལོ་200༩ལོའི་ཟླ༦ཚེས་༡ཉིན།
《བོད་ཡིག་སྦྱངས་རིས་བྱིས་པ་དགའ་སྐྱེད》
ཚད་གཞི། ཚོན་མདོག་ཅན། 85㎝×75㎝
ཁྱད་ཆོས། བོད་ཡིག་དབྱངས་གསལ་སོ་བཞིའི་རྩ་བའི་སྨྱུག་རིམ་ཚད་ལྡན་དུ་བྲིས་ཡོད་ལ། ཡིག་གཟུགས་སྣ་ལྔ་རུ་ཕྱེ་ཡོད་པར་མ་ཟད། གསལ་བྱེད་ཡི་གེ་རེ་རེར་གོ་བདེ་བའི་ཚིག་གྲོགས་སྦྱར་བ་རི་མོ་ དང་སྦྲགས་པར་བྱས་ཡོད་པས་ཁྱེད་ཀྱི་བྱིས་པའི་སེམས་ཁམས་དང་མཐུན།
རིན་གོང༌། སྒོར༡༠
འབྲེལ་གཏུགས་བྱེད་ཡུལ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྒྱ་གོ
འབྲེལ་གཏུགས་ཁ་པར། 13639738304
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com