མཚོ་སྔོན་མི་རིགས་ས་ཁུལ་གྱི་སློབ་གསོ་སྤེལ་བའི་ཁྲོད་དུ་ཐག་གཅོད་འོས་པའི་གནད་དོན་གཙོ་བོ་འགའ།

རྩོམ་པ་པོ།:རྡོ་ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-09-19 09:22:11 ཀློག་གྲངས།:

  གཅིག  མཚོ་སྔོན་མི་རིགས་ས་ཁུལ་གྱི་སློབ་གསོ་སྤེལ་རྒྱུ་དང་སྤྱི་ཚོགས་དཔལ་འབྱོར་བར་གྱི་འབྲེལ་བ།

  མཚོ་སྔོན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གྱིས་རང་སའི་སློབ་གསོའི་རྒྱ་ཆེ་ཆུང་དང་སྤེལ་ཚད་མགྱོགས་མིན་ལ་སོགས་པར་ཚོད་འཛིན་བྱེད་ཀྱིན་འདུག  རྒྱུ་མཚན་ནི་དཔལ་འབྱོར་དར་སྤེལ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་ཐུབ་མིན་དེ་ཐོན་སྐྱེད་ནུས་ཤུགས་སྤེལ་ཚད་ལ་རག་ལས་ཡོད་པས།  སློབ་གསོས་འཇོན་ཐང་ཅན་གྱི་མི་སྣ་སྐྱེད་སྲིང་དང་ངལ་རྩོལ་པའི་སྤུས་ཀ་ཇེ་ལེགས་སུ་གཏོབ་བར་བརྟེན་ནས།  དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་བསམ་བློའི་སྒུལ་ཤུགས་སམ་ཤེར་སྟོབས་ཀྱིས་རྒྱབ་རོགས་བྱེད་ཐུབ།  སློབ་གསོ་ནི་དཔལ་འབྱོར་དར་སྤེལ་དང་མི་རིགས་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་བྱེད་ཐབས་ཡིན་པར་ལག་ལེན་ལས་ར་སྤྲོད་བྱུང་བས།  དེ་རིང་གི་སློབ་གསོ་སང་ཉིན་གྱི་དཔལ་འབྱོར་ཡིན་ཞེས་བརྗོད་ཆོག་གོ །

  མཚོ་སྔོན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་ལ་ས་གནས་རང་བཞིན་ལྡན་པས།  སྤྱིར་བཏང་དུ་མཚོ་ཤར་གྱི་དཔལ་འབྱོར་དང་ཚྭ་འདམ་གཞོང་གི་དཔལ་འབྱོར།  མཚོ་སྔོན་པོའི་མཐའ་སྐོར་གྱི་དཔལ་འབྱོར་རམ་ལྷོ་ཁུལ་ཁོངས་གཏོགས་ཀྱི་དཔལ་འབྱོར་བཅས་ཁག་བཞི་རུ་དབྱེ་འདུག  ས་གནས་དཔལ་འབྱོར་མི་འདྲ་བ་འདི་དག་ལ་ཁྱད་ཆོས་ཀྱང་མི་འདྲ་རེ་འདུག་མོད་ཀྱང་།  ཁྱོན་ཡོངས་ནས་བལྟས་ན་དཔལ་འབྱོར་གྲུབ་ཚུལ་སྣ་གཅིག་དང་།  ཐོན་སྐྱེད་བྱེད་སྟངས་རྗེས་ལུས།  ཐོན་སྐྱེད་ནུས་ཤུགས་སྤེལ་ཚད་དམའ་བ།  དེང་རབས་ཀྱི་ཚན་རྩལ་ནང་འདྲེན་ནམ་བེད་སྤྱོད་ཀྱི་ནུས་པ་ཞན་ལ།  མི་རིགས་སློབ་གསོ་ལ་རྒྱབ་རྟེན་དང་རྒྱབ་སྐྱོར་ཀྱང་ཉུང་དྲག་པ་སྟེ།  བྲག་དང་འུག་པ་སྐད་མཉམ།  ཐན་དང་རྨི་ལམ་ཆ་མཚུངས།ཞེས་པའི་དཔེ་ནང་བཞིན།  དཔལ་འབྱོར་དང་སློབ་གསོ་གཉིས་བར་དུ་གོང་མ་མ་སྤེལ་ན་ཞོལ་མ་འང་དར་མི་ཐུབ་ལ།  དེ་གཉིས་མ་དར་མ་སྤེལ་ཚེ་ཚན་རྩལ་ཀྱང་གོང་དུ་སྤེལ་མི་ཐུབ་པར་གཅིག་རྐྱེན་གཅིག་གིས་གྲུབ་པའི་འཁོར་སྐྱོད་ཀྱི་མ་ལག་མི་བཟང་བ་ཞིག་གྲུབ་ཟིན།  མཚོ་སྔོན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱ་སུ་འགྲོ་བར་ཡར་སྐུལ་གཏོང་སྙམ་ཚེ།  གོང་གསལ་གྱི་འཁོར་སྐྱོད་མ་ལག་ངན་པ་འདིའི་གྲུབ་ཚུལ་དེ་ངེས་པར་དུ་གཏོར་དགོས་པ་དང་།  དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཕན་ནུས་ལྡན་པའི་འཁོར་སྐྱོད་མ་དཔེ་གསར་བ་ཞིག་འཚོལ་དགོས་ཏེ།  གཞི་རྩའི་བསམ་བློ་ནི་དཔལ་འབྱོར་སྤེལ་ཕྱོགས་ཏེ་ངེས་པར་དུ་ངལ་རྩོལ་པའི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་ལམ་དུ་སྤོ་དགོས།

  མཚོ་སྔོན་མི་རིགས་ས་ཁུལ་དུ་རང་བྱོན་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པ་ལྡན་ལ།  གནས་སྐབས་སུ་བག་ཏུ་ཞ་བའི་དཔལ་འབྱོར་རིན་ཐང་ཅུང་ཆེན་པ་ཞིག་ཡོད་མོད་ཀྱང་།  དེའི་ཁྱབ་སྟངས་མི་སྙོམས་ལ་གསར་གཏོད་ཀྱི་མ་གོང་ཡང་མཐོ་ཞིང་ཚེགས་ཧ་ཅང་ཆེ།  ལོ་རྒྱུས་ཀྱི་རྨང་གཞི་ཞན་ལ་ཐོན་སྐྱེད་རྒྱ་ཁྱོན་ཆུང་དྲག་པ།  དཔལ་འབྱོར་གྱི་ཐེག་ཚད་དམའ་ཆེ་བ་ལ་སོགས་པའི་རྐྱེན་གྱིས།  མ་དངུལ་མང་འདུས་སམ་ཡང་ན་ངལ་རྩོལ་མང་འདུས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་དེ་དག་གང་ཡིན་ཡང་འོས་འཚམས་རྒྱུ་མེད།  རང་སའི་གནས་ཚུལ་དང་ཅུང་རན་ཞིང་འཚམ་པའི་སྤེལ་ཕྱོགས་ནི་ནུབ་རྒྱུད་གསར་འབྱེད་ཀྱི་སྐབས་ལེགས་འདིར་བརྟེན་ནས།  མི་རིགས་སློབ་གསོ་དར་སྤེལ་ཆེ་རུ་བཏང་ཞིང་།  རིགས་སོ་སོའི་ངལ་རྩོལ་པའི་སྤུས་ཀ་མཐོ་རུ་བཏང་སྟེ།  མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་པར་སྐུལ་ཐོག  དར་རྒྱས་སུ་ཕྱིན་ཟིན་པའི་ས་ཁུལ་བར་གྱི་བར་ཐག་ཇེ་ཉེར་གཏོང་བ་དང་།  མི་རིགས་སོ་སོ་མཉམ་པོར་དར་རྒྱས་སུ་ཕྱིན་མཐར་མིའི་སྤུས་ཀར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་གསར་བ་ཞིག་ཆགས་སུ་འཇུག་དགོས།

  འདི་རུ་ནན་ཏུ་སྟོན་དགོས་པ་ཞིག་ནི་ནུབ་རྒྱུད་གསར་འབྱེད་དང་མི་རིགས་ས་ཁུལ་དཔལ་འབྱོར་འཛུགས་སྐྲུན་གྱི་ཁྲོད་དུ།  མ་དངུལ་དང་ལག་རྩལ།  ཤེས་ལྡན་མི་སྣ་བཅས་ལ་སོགས་པ་ཚང་མ་རང་ལ་མེད་ན་གཞན་ནས་འདྲེན་ཆོག་མོད།  འོན་ཀྱང་ངལ་རྩོལ་སྤུས་ཀ་དེ་ཕྱི་ནས་འདྲེན་ཐབས་གཏན་ནས་མེད་པས།  མི་རིགས་སློབ་གསོ་བརྒྱུད་ཅིང་།  མི་རིགས་སོ་སོ་ནུབ་རྒྱུབ་གསར་འབྱེད་ཁྲོད་དུ་དངོས་སུ་ཞུགས་པའི་ཚད་མཐོ་ཏུ་གཏོང་བ་ལ་སོགས་པར་བརྟེན་ནས་རིམ་བཞིན་མཐོ་རུ་གཏོང་བ་ལས་ཐབས་གཞན་མ་མཆིས།  དེར་བརྟེན།  ངེས་པར་དུ་ཚད་རིག་དང་སློབ་གསོ་ལ་བརྟེན་ནས་མཚོ་སྔོན་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་།  རྒྱུན་མཐུད་འཕེལ་རྒྱས་ནུས་པའི་འཐབ་ཇུས་ལག་བསྟར་གྱི་ཕྱོགས་ཆེ་ས་ནས་སློབ་གསོ་དར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་ངོས་ཟིན་ཟབ་མོ་བྱེད་དགོས།  དཔལ་འབྱོར་འཛུགས་སྐྲུན་དེ་ངེས་པར་དུ་སློབ་གསོ་ལ་བརྟེན་དགོས་པ་དང་།  སློབ་གསོས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་བཅངས་ནས།  མི་རིགས་སློབ་གསོའི་གོ་


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།