ངོས་དང་པོ > སློབ་གསོ། > སློབ་གསོའི་རིགས་གཞུང་། > «སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་གྲོས་གཞི»ལ་ལན་བཏབ་པ།
«སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་གྲོས་གཞི»ལ་ལན་བཏབ་པ།
རྩོམ་པ་པོ།:རྣམ་རྒྱལ་ལུང་ཡུན་འཆང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-04 22:18:46
ཀློག་གྲངས།:
«སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་གྲོས་གཞི»ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུས་ལན་བཏབ་པའི་འཕྲིན་ཡིག
རྣམ་རྒྱལ་ལུང་ཡུན་འཆང་གིས་འདེམས་སྒྲིག་དང་བོད་ཡིག་ཏུ་བསྒྱུར།
རྣམ་རྒྱལ་ལུང་ཡུན་འཆང་། (ཅང་སུའུ་དགེ་འོས་སློབ་ཆེན་གྱི་ཁྲིམས་རིག་པའི་སློབ་གླིང་དང་ཅང་སུའུ་དགེ་འོས་སློབ་ཆེན་གྱི་སྐད་ཡིག་ཚན་རིག་དང་སྒྱུ་རྩལ་སློབ་གླིང་གི་གདན་ཞུའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་འབུམ་རམས་པ་དང་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་འབུམ་རམས་པ་ཕྱི་ཚར་བཅས་ཡིན།)ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གིས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་ཉིད་ཀྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཐད་འབད་བརྩོན་བྱེད་དགོས་པ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། བྱིས་པ་ནས་བཟུང་ཁྲིམས་སྐྱོང་སློབ་གསོ་རྒྱལ་དམངས་ཀྱི་སློབ་གསོའི་མ་ལག་ནང་འཇུག་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཏེ། བཅའ་ཁྲིམས་བརྩི་བཀུར་དང་བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་སྤྱོད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྱོང་སྒོ་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བཅས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།
སློབ་གསོ་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཚད་མཐོ་བའི་སྒོ་ནས་མཐོང་ཆེན་བྱས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དང་མཉམ་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་སྐྱོང་སློབ་གསོར་མུ་མཐུད་དུ་སྐུལ་འདེད་གཏོང་གི་ཡོད།
གཅིག་ནི་གཅིག་གྱུར་འཆར་འགོད་དམ་འཛིན་ཧུར་ཐག་བྱ་དགོས། ཁྲིམས་སྐྱོང་སློབ་གསོ་ཉིད་རྒྱལ་དམངས་ཀྱི་སློབ་གསོའི་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་དང་མཉམ་དུ«གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྩ་འཛིན»བཟོས་ཏེ། རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་དུ་གོ་རིམ་ལྡན་པའི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་སྐྱོང་སློབ་གསོའི་དམིགས་འབེན་གནས་ངེས་དང་། རྩ་དོན་བླང་བྱ་དང་ལག་བསྟར་ཐབས་ལམ་བཅས་བཀོད་སྒྲིག་བྱེད་དགོས། ཁྲིམས་སྐྱོང་སློབ་གསོའི་ཆེད་དོན་སློབ་ཚན་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་བསམ་བློ་ཉིད་རིག་ཚན་མ་ལག་དང་། སློབ་དེབ་མ་ལག་བཅས་སུ་བཅུག་ནས་སློབ་གྲྭ་རུ་ཞི་ཅིན་ཕིང་ཁྲིམས་སྐྱོང་བསམ་བློ་རགས་བཤད་དང་། ཀུན་སྤྱོད་དང་ཁྲིམས་སྐྱོང་བཅས་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཡག་པོ་འཛུགས་རྒྱུར་མཛུབ་ཁྲིད་བྱེད་དགོས། སློབ་གསོའི་མ་ལག་གསུམ་གྱི་ལོ་ལྔའི་བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་བསྟུད་མར་དཔར་འགྲེམས་དང་ལག་བསྟར་བྱས་ཏེ། སློབ་གསོའི་མ་ལག་གི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཡག་པོ་ཞིག་འབྲི་དགོས། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ཉིད་ཁྲིམས་ལྟར་སློབ་གསོ་སྐྱོང་བ་དང་། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ། ཁྲིམས་ལྟར་སློབ་གྲྭ་གཉེར་བ་བཅས་ཀྱི་ནང་འདྲེས་པར་བྱ་དགོས། ཁྲིམས་སྐྱོང་སློབ་གསོ་ཉིད་གདེང་འཇོག་གི་དམིགས་ཚད་གལ་ཆེན་དུ་བཟུང་སྟེ། རིམ་པ་སོ་སོའི་སློབ་གསོ་ལས་ཁུངས་ཀྱིས་ཆེད་དུ་དམ་འཛིན་ནུས་ལྡན་མཁོ་འདོན་བྱེད་དགོས།
གཉིས་ནི་ལས་ཀའི་སྟེགས་བུ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་བཅའ་ཁྲིམས་ཁྱབ་གདལ་དྲ་བ་བཙུགས་ནས། གཞོན་ནུ་ལོ་ཆུང་སློབ་མར་ཆེད་མངགས་ཁ་ཕྱོགས་པའི་ཆེད་ལས་ཅན་དང་སྤྱི་ཕན་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དྲ་ཚིགས་སུ་བརྩིས་ཏེ“མཉམ་འབྲེལ་དྲ་བ+”ཁྲིམས་སྐྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། 2024ལོར་རྒྱལ་ཁབ་ཀྱི་བློ་རིག་སློབ་གསོའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ནས“ཁྲིམས་སྐྱོང་སློབ་གསོའི”ཆེད་དོན་གསར་སྤེལ་བྱས་ཏེ། སློབ་སྦྱོང་ཐོན་ཁུངས152དྲ་ཐོག་ཏུ་བཏང་ནས། སྤུས་ལེགས་ཁྲིམས་སྐྱོང་སློབ་གསོའི་ཐོན་ཁུངས་ཉིད་རྒྱལ་ཡོངས་ས་གནས་སོ་སོའི་སློབ་གྲྭ་ཁག་གི་སློབ་མར་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཏུ་འཇུག་དགོས། ལོ་དགུ་བསྟུད་མར་རྒྱལ་ཡོངས་ཀྱི་སློབ་མ་སྒྲིག་འཛུགས་བྱས་ནས“རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་བཤད་པའི”བྱེད་སྒོ་སྤེལ་བ་དང་། ལོ་བཅུ་བསྟུད་མར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་སློབ་གསོའི་ཁོངས་གཏོགས་ཀྱི“རྩ་ཁྲིམས་ཞོགས་པར་ཀློག་པའི”བྱེད་སྒོ་གཉེར་བ་དང་། བྱེད་སྒོའི་ཁྱབ་རྒྱ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་སློབ་གསོའི་ལག་ལེན་དཔེ་སྟོན་རྟེན་གཞི་བསྐྲུན་ནས། མི་གསོ་སྐྱོང་བྱེད་པའི་འདུ་ཤེས་ལག་བསྟར་བྱས་ཏེ། སློབ་མའི་དགོས་མཁོ་ལྟེ་བར་བྱེད་པ་དང་། གྲངས་གཞིའི་ནུས་པ་འདོན་སྤྲོད་རྨང་གཞིར་བྱས་ཏེ། གཞི་གཅིག་ཅན་དང་ཁ་ཁུ་སིམ་པའི་ཁྲིམས་སྐྱོང་སློབ་གསོའི་རྣམ་པ་འཚོལ་ཞིབ་བྱེད་དགོས། «གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ»བཙུགས་པ་དེ་ནི། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་དུས་དེབ་འབའ་ཞིག་ཡིན། 2017ལོར་གསར་འདོན་བྱས་པ་ནས་བཟུང་རིམ་རྩིས་བྱས་པ་ལྟར་ན་ཞིབ་འཇུག་རྩོམ་ཡིག1800ལྷག་ཙམ་འགྲེམས་སྤེལ་བྱས་ཡོད།
གསུམ་ནི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། «གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྩ་འཛིན»ནང་སློབ་གྲྭ་འབྲིང་ཆུང་ཚང་མར་ཉུང་མཐར་ཡང་ཆེད་ལས་གསོ་སྦྱོང་ཐོབ་པའམ་ཆེད་མངགས་གསོ་སྦྱོང་བྱས་པ་བརྒྱུད། ཁྲིམས་སྐྱོང་སློབ་གསོའི་ལས་འགན་འགན་འཁུར་ཐུབ་པའི་དགེ་རྒན་གཅིག་ཡོད་དགོས། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་དམིགས་ན། མཐོ་རིམ་སློབ་གྲྭས་དགེ་འོས་ཆེད་ལས་གསོ་སྐྱོང་ཁྲོད་ཁྲིམས་རིག་པའི་སློབ་ཚན་མང་དུ་གཏོང་བ་དང་། ཁྲིམས་རིག་པའི་ཆེད་ལས་གསོ་སྐྱོང་ཁྲོད་སློབ་གསོ་རིག་པའི་སློབ་ཚན་མང་དུ་གཏོང་བའམ། ཡང་ན་སློབ་ཆུང་གི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་གསོའི་ཆེད་ལས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཁྲིམས་སྐྱོང་བྱང་ཚད་ཉིད་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆེད་ལས་ཚད་གཞིའི་ནང་འཇུག་དགོས། དོན་དངོས་ཀྱི་དགོས་གལ་ལ་དམིགས་ནས། ཁྲིམས་སྐྱོང་སློབ་ཚན་གྱི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་དགེ་རྒན་གྲགས་ཅན་གསོ་སྐྱོང་ལས་གཞི”ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་ནང་དོན་དེ“རྒྱལ་ཁབ་གསོ་སྐྱོང་འཆར་གཞིའི”རྣམ་གྲངས་ནང་འཇུག་དགོས་པ་དང་། ས་གནས་ཀྱིས་རིམ་པ་དང་རིགས་དབྱེ་ནས་དགེ་རྒན་ཡོངས་ལ་ཁྲིམས་སྐྱོང་གསོ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
བཞི་ནི་ལས་ཀའི་ནུས་ཤུགས་གཅིག་སྒྲིལ་ཧུར་ཐག་བྱ་དགོས། རང་འགུལ་ངང་འབྲེལ་གཏུག་དང་། མཐུན་སྦྱོར་ཧུར་ཐག་བྱས་ཏེ། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་འཛིན་པུའུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་སོགས་མཉམ་ལས་བྱས་ཏེ་ཁྲིམས་སྐྱོང་སློབ་གསོའི་ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཁྲིམས་སྐྱོང་སློབ་གསོའི་ལག་ལེན་སློབ་གསོར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་ལམ་ལུགས་གཏན་འབེབས་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་ལས་ཁུངས་ནས་ནུས་ལྡན་སྟོབས་ཤུགས་གདམ་གསེས་གདན་ཞུ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་བཞེས་ནས། སློབ་གྲྭས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་དང་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སློབ་གསོ་པུའུ་དང་མཉམ་དུ་རྒྱལ་ཡོངས་སུ“གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱ་རྒྱུའི”ཆེད་དོན་བྱ་སྤྱོད་སྤེལ་བ་དང་། གཞོན་ཚོགས་ཀྲུང་དབྱང་སོགས་ལས་ཁུངས15དང་མཉམ་དུ«ཁེ་དབང་ལས་གནས་ཀྱིས་བྱ་སྤྱོད་སྤེལ་བཞིན་ཡོད་པ་སྟེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་མིན་ཟེར་པའི»ཆེད་དོན་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོ»ལ་མིང་རྟགས་བཀོད་ནས། ལོ་ན་མ་སོན་པའི་མི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ནང་ཞུགས་རྒྱུ་སྔོན་འགོག་ནུས་ལྡན་བྱེད་དགོས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གསོ་པུའུ་དང་མཉམ་དུ“ཞིབ་དཔྱོད་དང་སློབ་གསོ་མཉམ་ལས་རོགས་འདེགས་བྱས་ཏེ། འཚར་ལོངས་ལ་ཐུན་མོང་གིས་སྲུང་སྐྱོང་བྱེད་པའི”ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་གཉེར་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་ལོ་ན་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཡུན་རིང་སྲུང་སྐྱོང་བྱེད་ཀྱི་ཡོད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཁྱིམ་ཚང་མ་ལག་ལ་ཁ་ཕྱོགས་ནས་ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་སློབ་ཚན་མ་ལག་གསར་སྤེལ་བྱེད་པ་དང་། “ཕ་མ་འཚར་ལོངས་ཀྱི་སློབ་ཚན་ཕྲ་མོའི”བརྙན་ལམ་སློབ་ཚན་རབ་དང་རིམ་པ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་སྐུལ་འདེད་ལ་གཞོགས་འདེགས་བྱེད་ཀྱི་ཡོད།
རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་ལ། དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྗེས་མར། སློབ་གསོ་པུའུ་ཡིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་དང་མཉམ་དུ། ད་ཡོད་ལས་དོན་གྱི་རྨང་གཞིའི་ཐོག སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་སྔར་ལས་ལྷག་པར་བྱ་དགོས།
གཅིག་ནི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་འགག་རྩ་འདི་དམ་འཛིན་བརྟན་པོ་བྱས་ཏེ། གསོ་སྐྱོང་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་ནས། ཁྲིམས་སྐྱོང་སློབ་ཚན་གྱི་དགེ་རྒན་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
སློབ་གྲྭར་སློབ་ཚན་བཀོད་སྒྲིག་དང་འདྲ་མཚུངས་ཡིན་པའི་ཁྲིམས་སྐྱོང་སློབ་ཚན་གྱི་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཁྲོད་ཀྱི་ཁྲིམས་སྐྱོང་སློབ་ཚན་གྱི་ཆེད་ལས་དགེ་རྒན་གྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་སློབ་ཚན་གྱི་དགེ་རྒན་ཕུལ་བྱུང་རྣམས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་རྣམ་གྲངས་སྣ་ཚོགས་ནང་བཅུག་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཤེས་ལྡན་མི་སྣའི་ལས་གཞིའི་རྣམ་གྲངས་གལ་ཆེན་ཁྲོད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་འཆར་འགོད་རྣམ་གྲངས་དང་། སློབ་གསོ་པུའུ་ཡི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སོགས་ཀྱི་རྣམ་གྲངས་དང་ས་གནས་ཀྱི་ཐེབས་རྩའི་འཆར་འགོད་རྣམ་གྲངས་སྣ་ཚོགས། ཞིབ་འཇུག་རྣམ་གྲངས་ནང་ཁྲིམས་སྐྱོང་སློབ་གསོའི་ཞིབ་འཇུག་ཆེད་དོན་རྣམ་གྲངས་འཛུགས་པ། ས་གནས་ཀྱིས་ཁྲིམས་སྐྱོང་སློབ་ཚན་གྱི་སློབ་ཁྲིད་ལྟ་སྦྱོང་དང་། ཐུན་མོང་སློབ་ཚན་གྲ་སྒྲིག་སོགས་དགེ་རྒན་གྱི་ཞིབ་འཇུག་སྦྱོང་བརྡར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་ལྕག་བྱས་ནས། ཁྲིམས་སྐྱོང་སློབ་ཚན་གྱི་དྲ་ཐོག་སློབ་ཚན་སྤུས་དག་ཁག་ཅིག་བསྐྲུན་དགོས།
གཉིས་ནི་ལག་ལེན་སློབ་ཁྲིད་ཐོན་ཁུངས་མཁོ་སྤྲོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་དང་། ཁྲིམས་འཛིན་སོགས་ལས་ཁུངས་དང་མཉམ་དུ་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་ལས་ཁུངས་ལ་ས་གནས་དེ་གའི་ཁྲིམས་སྐྱོང་སློབ་གསོའི་ཐོན་ཁུངས་སྣ་ཚོགས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པར་མཛུབ་ཁྲིད་བྱེད་པ་དང་། ཁྲིམས་སྐྱོང་སློབ་གསོའི་ལག་ལེན་རྟེན་གཞི་འཚོལ་ཞིབ་བྱས་ནས་ཁྲིམས་སྐྱོང་སློབ་ཚན་གྱི་སློབ་ཁྲིད་ནང་དོན་ལེགས་འགྲུབ་བྱས་ཏེ། བྱིས་པ་རྣམས་ལག་ལེན་ཁྲོད་སློབ་སྦྱོང་བྱེད་དུ་འཇུག་པའི་སྒྲིག་སྲོལ་ལམ་སྲོལ་མངོན་འགྱུར་བྱེད་དགོས།
གསུམ་ནི་དཔྱད་ཞིབ་གདེང་འཇོག་ལེགས་སུ་གཏོང་དགོས། ས་གནས་ཀྱི་སློབ་གསོའི་ལས་ཁུངས་དང་སློབ་གྲྭས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་སློབ་གསོའི་འགན་འཁྲི་སྒྲུབ་པའི་གདེང་འཇོག་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་ནང་འཇུག་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དེ་ལས་བྱེད་པར་དཔྱད་ཞིབ་དང་དཔྱད་བསྡུར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིམས་སྐྱོང་སློབ་གསོའི་ཕྱོགས་གསུམ་པའི་གདེང་འཇོག་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས། བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལེགས་སུ་གཏོང་ཆེད་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་དགོས། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སློབ་གསོའི་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་གྱོད་དཔེ་དུས་ཐོག་ཏུ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།