དཔེ་ཀློག་གི་སྤུས་ཀ་མཐོར་འདེགས་གཏོང་བའི་བསམ་འཆར་ལྔ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-08-25 08:35:12
ཀློག་གྲངས།:
ཇི་ལྟར་བྱས་ཚེ་ད་གཟོད་དཔེ་ཀློག་གི་ནུས་པ་ཆེན་པོ་ལྡན་ནམ། ཕྱོགས་གང་དག་ནས་མགོ་བརྩམས་ཏེ་དཔེ་ཀློག་གི་རང་ངོས་སློབ་གསོ་དང་དཔེ་ཀློག་གི་སྤུས་ཀ་དང་ལས་ཆོད་མཐོར་འདེགས་གཏོང་ཐུབ་བམ། ཐེངས་འདིར་དཔེ་ཀློག་གི་སྤུས་ཀ་མཐོར་འདེགས་གཏོང་བའི་བསམ་འཆར་ལྔ་མཉམ་སྤྱོད་བྱ།
བསམ་འཆར་དང་པོ། བབ་བསྟུན་གྱིས་དཔེ་ཀློག་འཆར་གཞི་བཟོ་བ།
དེབ་ཅིག་ལག་ཏུ་བླངས་རྗེས། ཐོག་མར་དེའི་ཡིག་གྲངས་དང་དཀའ་སླ་ལ་བལྟས་ནས་ཉིན་ག་ཚོད་ལ་བཀླག་ཚར་བར་ཚོད་དཔག་བྱེད་པ་དང་། དེ་ནས་འཆར་གཞི་རགས་མོ་ཞིག་བཟོས་རྗེས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། གལ་ཏེ་དེབ་ཀྱི་ཡིག་གྲངས་མང་བ་དང་ཀློག་དཀའ་བའམ་ཡང་ན་ཉེ་ལམ་བྲེལ་བ་ཆེ་ཚེ། གནས་སྐབས་སུ་བསྐྱུར་ནས་ཁོམ་པ་ཡོད་དུས་བཀླག་དགོས། འོན་ཀྱང་མཉམ་འཇོག་དགོས་པ་ནི། དོན་དངོས་དང་མི་མཐུན་པའི་ཧམ་ཀློག་བྱེད་མི་རུང་སྟེ། དེས་དཔེ་ཀློག་འཆར་གཞིའི་རྒྱུན་སྐྱོང་མི་ཐུབ་པར་འགྱུར་ངེས། གོང་གི་བསམ་འཆར་ནི་བལྟས་ན་དཔེ་ཀློག་གི་སྤུས་ཀ་དང་ལས་ཆོད་ལ་འབྲེལ་བ་མེད་པ་འདྲ་མོད། འོན་ཀྱང་ཐག་གཅོད་ཡག་པོ་བྱེད་མ་ཐུབ་ཚེ། ཁྱོད་ཀྱི་དཔེ་ཀློག་ལ་སྤུས་ཀ་དང་ལས་ཆོད་ཅི་ཡང་མེད་པར་འགྱུར་ངེས།
བསམ་འཆར་གཉིས་པ། ཞིབ་ལྟ་དང་རགས་ལྟ་བསྡེབས་ནས་དཔེ་ཀློག་བྱེད་པ།
དཔེ་ཀློག་གི་ངོ་མཚར་ནི་ཞིབ་ལྟ་དང་རགས་ལྟ་འོས་འཚམ་གྱིས་གདམ་གསེས་བྱེད་པ་དེར་གནས་ཤིང་། བབ་བསྟུན་ངང་སྡེབ་དགོས། ཅི་ཞིག་ལ་ཞིབ་ལྟ་ཟེར་རམ། མི་མང་པོ་ཞིག་གིས་ཞིབ་ལྟ་ཟེར་བ་ནི་སྐད་ཡིག་སློབ་ཐུན་སྟེང་བརྡ་རྙིང་སློབ་པ་ཇི་བཞིན་ཡིག་འབྲུ་རེ་རེ་བཞིན་ཞིབ་ཏུ་ཀློག་པ་ལྟར་ཡིན་པར་འདོད་མོད། དོན་དངོས་སུ་ཞིབ་ལྟ་ཟེར་བ་ནི་ཡང་དང་བསྐྱར་དུ་ཀློག་པ་ལ་གོ །ཅིའི་ཕྱིར་ཡང་དང་བསྐྱར་དུ་ཀློག་དགོས་སམ་ཞེ་ན། རྒྱུ་མཚན་ནི་ང་ཚོས་དེབ་ཅིག་ཀློག་སྐབས་རྒྱུན་པར་ཐེངས་གཉིས་པ་དང་ཐེངས་གསུམ་པར་སླེབས་སྐབས་ད་གཟོད་ཐེངས་སྔོན་མར་ལྟ་དུས་ཆད་ལྷག་བྱུང་ཡོད་ས་མཐོང་ཐུབ་ཅིང་། ད་གཟོད་ནང་དོན་ཡག་པའི་ཆ་དེ་ཅིའི་ཕྱིར་ཡག་པ་ཡོངས་སུ་རྟོགས་ཐུབ། རགས་ལྟ་ཞེས་པའང་མི་ལ་ལས་གོ་བ་བླངས་པ་ཇི་བཞིན་མིག་བཤེར་ཐེངས་གཅིག་གིས་ཐིག་ཕྲེང་བཅུ་ལ་བལྟས་ནས་མྱུར་ཚད་ཁོ་ན་སྙེག་པ་ཙམ་མིན་ཏེ། དེ་ནི་གསང་མྱུལ་བ་དང་འདྲ་བར་མིག་བཤེར་ཐེངས་འགའ་བྱས་པས་ལམ་སེང་གནད་འགག་དང་ལྟེ་བ་འཛིན་ཐུབ་པ་ཞིག་ཡིན་དགོས། མི་རྣམས་ཀྱིས་རྒྱུན་པར་དཔེ་ཆ་བཀླག་ན“དེའི་གནད་འགག་འཛིན་དགོས”ཟེར། “དེའི་གནད་འགག་འཛིན་དགོས”ཞེས་པ་ནི་དཔེ་ཀློག་གི་མྱུར་ཚད་མགྱོགས་པ་ལ་གོ་བ་མིན་པར། དེ་ནི་དེབ་ཀྱི་གནད་འགག་འཛིན་ཤེས་པ་ལ་གོ །རང་གི་དགོས་མཁོར་གཞིགས་ནས་ཞིབ་ལྟ་དང་རགས་ལྟ་བསྡེབས་ཚེ། དཔེ་ཀློག་ལ་སྔར་ལས་སྤུས་ཀ་ལྡན་ཞིང་ཕན་པ་ཆེ།
བསམ་འཆར་གསུམ་པ། སྨྱུ་གུས་རྟགས་བརྒྱབ་ནས་གཏིང་ཟབ་པའི་དཔེ་ཀློག་རྒྱུན་འཁྱོངས་བྱེད་པ།
ལག་ཏུ་སྨྱུ་གུ་ཞིག་འཛིན་དགོས་ཤིང་། ཀློག་ཞོར་དང་རྟགས་རྒྱག་ཞོར་བྱེད་པ་དང་། སྨྱུ་གུས་ཁྱེད་ཀྱི་དཔེ་ཀློག་གི་མྱུར་ཚད་ལ་སྙོམས་སྒྲིག་བྱེད་པ་དང་། ཁྱེད་ཀྱི་བསམ་གཞིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་པའི་ལོངས་སྤྱོད་འཐོབ་ཏུ་འཇུག་དགོས། ད་དུང་རང་ཉིད་ལ་མཁོ་བའི་ནང་དོན་ཡི་གེར་ཕབ་སྟེ་དཔེ་ཀློག་མྱོང་ཚོར་འབྲི་དགོས། སྨྱུ་གུར་ཁྱེད་ལ་ལམ་ཁྲིད་དུ་བཅུག་སྟེ། དཔེ་ཀློག་གི་ཟབ་ས་དང་མཐོ་ས། རྒྱང་རིང་ས་བཅས་ལ་བསྐྱོད་དགོས། དེ་ལྟར་སྨྱུ་གུ་སྤྱད་ནས་དཔེ་ཀློག་བྱེད་པའི་ཐབས་ནི་ད་གཟོད་ངེས་པ་དོན་གྱི་སྤུས་ཚད་མཐོ་བའི་དཔེ་ཀློག་ཡིན། ང་ཚོ་ཚང་མར་འདི་ལྟ་བུའི་ཉམས་མྱོང་ཡོད་དེ། དེབ་ཅིག་ལ་རྟ་རྒྱུག་ཞོར་དུ་མེ་ཏོག་ལ་ལྟ་བ་ལྟ་བུའི་རགས་ལྟ་བྱས་ཚེ། བརྒྱ་ཆའི་དྲུག་ཅུ་དང་བདུན་ཅུའི་སྟོབས་ཤུགས་བཀོལ་ན་ཆོག་མོད། གལ་ཏེ་རྩོམ་འབྲི་ན་བརྒྱ་ཆའི་བརྒྱ་ཡི་སྟོབས་ཤུགས་བཀོལ་དགོས། ལྷག་པར་ད་ལྟའི་སྦྲེལ་དྲ་དར་བའི་དུས་རབས་འདིར། རྒྱུ་འཕྲིན་དར་ཆེ་ཞིང་ཆ་འཕྲིན་སྟབས་བདེ་ལ་མྱུར་བས། བརྙན་ཐུང་ལ་བལྟས་ན་སེམས་ཤིན་ཏུ་སྐྱིད་མོད། མཇུག་འབྲས་ནི་ཤིན་ཏུ་བཙོག་སྟེ། ཆ་འཕྲིན་ཚང་མ་ལ་བཏུས་ལུང་བཏུས་རེད། དེར་བརྟེན། སྨྱུ་གུ་ས་ལ་མི་འཇོག་རོགས། ཉུང་བ་ནི་མང་བ་དང་དལ་བ་ནི་མྱུར་བ་ཡིན་པ་ཤེས་དགོས་ཤིང་། ཡིད་ལ་འཛིན་འོས་པ་འཛིན་པ་དང་འབྲི་འོས་པ་འབྲི་བ། སྨྱུ་གུས་དཔེ་ཀློག་ཁྲོད་ཀྱི་དུས་རབས་ཀྱི་ནད་སེལ་བ་དང་། གཏིང་ཟབ་པའི་དཔེ་ཀློག་བརྟན་སྲུང་བྱེད་པ་བཅས་ཀྱིས་ཁྱེད་ལ་དབང་བའི་གོ་ཆོད་པའི་དཔེ་ཀློག་རྙེད་དགོས།
བསམ་འཆར་བཞི་པ། དྲི་བ་ཁྱེར་ནས་དཔེ་ཀློག་བྱས་ཚེ་ལག་ཡོང་ཆེན་པོ་ཡོད།
ང་ཚོས་དྲི་བ་ཁྱེར་ནས་དཔེ་ཀློག་བྱེད་དགོས། སེམས་ཀྱི་འདྲི་རྟགས་ནི་ལྕགས་ཀྱུ་དང་འདྲ་བར་དེབ་ལས་ང་ཚོར་རིན་ཐང་ཡོད་པའི་ནང་དོན་དྲངས་ཏེ་དྲི་བའི་འཚོལ་ཞིབ་ཁ་ཕྱོགས་དང་བསམ་གཞིག་བྱེད་གནས་རྙེད་དགོས། 1928ལོར། ན་གཞོན་ལིང་ཧྲུའུ་མིང་གིས་ཀོང་ཀྲོའུ་ཀྲུང་ཧྲན་སློབ་ཆེན་དུ་གཏམ་བཤད་གནང་དུས་བཤད་རྒྱུར། “ཡོན་ཏན་མེད་པའི་མི་ནི་རྒྱུད་ན་གནས་ལུགས་མེད་པ་དང་ཀླད་པར་གཞུང་ལུགས་མེད་པ་མ་ཡིན་པར། སེམས་སུ་དྲི་བ་མེད་པ་རེད།”ང་ཚོས་ཁོང་གིས་དར་སྤེལ་གཏོང་བའི“ཡོན་ཏན་ཞེས་པ་ནི་དྲི་བ་ངོས་ཟིན་རྒྱུ་བསླབ་པ་དེའོ། །”ཞེས་པར་སློབ་སྦྱོང་བྱེད་འོས། དོགས་སློང་ཆུང་ངུ་བྱས་ཚེ་ལག་ཡོང་ཆུང་ངུ་འཐོབ་ཅིང་དོགས་སློང་ཆེན་པོ་བྱས་ཚེ་ལག་ཡོང་ཆེན་པོ་འཐོབ། དྲི་བ་ཁྱེར་ནས་དཔེ་ཀློག་བྱས་ཚེ། ཁྱེད་ཀྱི་དཔེ་ཀློག་ནི་རང་འགུལ་དང་ཡར་སྐུལ་ཅན་དུ་འགྱུར་ལ། ཁྱེད་ལ་ལག་ཡོང་ཆེན་པོ་འཐོབ་ངེས།
བསམ་འཆར་ལྔ་པ། དཔེ་ཀློག་མཉམ་སྤྱོད་བྱས་ཏེ་དུས་ཐོག་ཏུ་བརྡ་སྤྲོད་དགོས།
དེབ་ནི་ཀློག་དགོས་པར་མ་ཟད་བཀོལ་སྤྱོད་ཀྱང་བྱེད་དགོས། ང་ཚོས་དཔེ་ཀློག་བྱེད་ཐབས་སྣ་མང་སྤྱད་ནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་དཔེ་ཀློག་གི་ཕན་ནུས་མཐོར་འདེགས་གཏོང་དགོས། དཔེ་ཀློག་ཁྲོད་ཀྱི་གསར་རྙེད་དང་བསམ་གཞིག་བཏང་བའི་གྲུབ་འབྲས་འཚོ་བ་དང་སློབ་སྦྱོང་ཁྲོད་འདྲེས་སུ་བཅུག་ཆོག་ཅིང་། ང་ཚོའི་སྐད་ཆ་ལ་སྔར་ལས་ཕུན་སུམ་ཚོགས་པའི་རྒྱུ་ཆ་དང་སྔར་ལས་ལེགས་པའི་རིག་ལམ་ལྡན་དུ་བཅུག་སྟེ། དཔེ་ཀློག་གི་འབྲས་བུ་ཕྱིར་མངོན་དགོས། དཔེར་ན། ང་ཚོས་ལིའུ་ཚི་ཞིན་གྱི་ཚན་རྩལ་སྒྱུ་འཕྲུལ་བརྩམས་ཆོས་བཀླགས་རྗེས་དཔེ་ཀློག་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཏེ། ཚང་མར་དཔེ་ཀློག་ཁྲོད་ཀྱི་མྱོང་བ་དང་གོ་བ་བཤད་པ་དང་གྱེར་བ། རྩོད་པ་བཅས་བྱེད་དུ་བཅུག་ཆོག་ལ། ཐ་ན་འཁྲབ་སྟོན་བྱེད་དུ་བཅུག་ཀྱང་ཆོག དཔེ་ཀློག་བྱེད་སྒོ་འདི་དག་གིས་ང་ཚོར་སྔར་ལས་ནན་ཏན་གྱིས་བརྩམས་ཆོས་ལ་རོལ་མྱོང་བྱེད་དུ་འཇུག་པ་དང་། ང་ཚོར་རྒྱུན་ཆད་མེད་པར་དཔེ་ཀློག་གི་མཐོང་རྒྱ་བསྐྱེད་པ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ། ལས་ཆོད་ཆེན་པོས་དཔེ་ཀློག་བཅས་བྱེད་དུ་འཇུག་ངེས། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号