ཆར་བ་ཆུང་འབྲིང་ཆེ་གསུམ་ཇི་ལྟར་བྱས་ཏེ་དབྱེ་བ་ཡིན་ནམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-23 08:56:00 ཀློག་གྲངས།:

ཆར་བ་ཆུང་འབྲིང་ཆེ་གསུམ་ཇི་ལྟར་བྱས་ཏེ་དབྱེ་བ་ཡིན་ནམ།
ཆར་བ་ཆུང་འབྲིང་ཆེ་གསུམ་ཇི་ལྟར་བྱས་ཏེ་དབྱེ་བ་ཡིན་ནམ།

     ང་ཚོས་གནམ་གཤིས་སྔོན་བརྡ་ཉན་པའི་སྐབས་སུ་རྟག་པར་ཆར་བ་ཆུང་བ་དང་ཆར་བ་ཆེ་བའམ་ཡང་ན་ཁ་ཆུང་བ་དང་འབྲིང་བ་སོགས་ཐ་སྙད་ཐོས་ཤིང་ཆར་འབབ་རིམ་འདི་ཚོ་ཇི་ལྟར་བྱས་ཏེ་དབྱེ་བ་ཁྱོད་ཀྱིས་ཤེས་སམ།
     ཆུ་ཚོད12རིང་ཆར་བའི་འབབ་ཚད་དེ་ཧའོ་རྨིད0.1ནས་ཧའོ་རྨིད4.9བར་ཡིན་ན་ཆར་ཆུང་དང་ཧའོ་རྨིད5.0ནས་ཧའོ་རྨིད14.9བར་ནི་ཆར་འབྲིང་། ཧའོ་རྨིད15.0ནས་ཧའོ་རྨིད29.9བར་ནི་ཆར་ཆེན་ཡིན་ཞིང་ཧའོ་རྨིད30ལས་ཆེ་བའམ་མཉམ་པ་ཡིན་ན་དྲག་ཆར་རེད།
     ཆུ་ཚོད24རིང་ཆར་བའི་འབབ་ཚད་དེ་ཧའོ་རྨིད0.1ནས་ཧའོ་རྨིད9.9བར་ནི་ཆར་ཆུང་དང་ཧའོ་རྨིད10.0ནས་ཧའོ་རྨིད24.9ནི་ཆར་འབྲིང་ཡིན། ཧའོ་རྨིད25.0ནས་ཧའོ་རྨིད49.9ནི་ཆར་ཆེན་ཡིན་ཞིང་ཧའོ་རྨིད75.0ནི་གྲངས་ཆར་དང་།  ཧའོ་རྨིད100.00ལས་ཆེ་བ་དང་མཉམ་པ་ཡིན་ན་དྲག་ཆར་ཆེན་པོ་དང་ཧའོ་རྨིད200.0ལས་ཆེ་བའམ་མཉམ་པ་ཡིན་ན་དམིགས་བསལ་ཅན་གྱི་དྲག་ཆར་ཆེན་པོ་རེད།
     ཆུ་ཚོད12རིང་ཁ་བའི་འབབ་ཚད་དེ་ཧའོ་རྨིད0.1ནས་ཧའོ་རྨིད0.9ཡིན་ན་ཁ་བ་ཆུང་བ་དང་ཧའོ་རྨིད1.0ནས་ཧའོ་རྨིད2.9བར་ནི་ཁ་བ་འབྲིང་། ཧའོ་རྨིད3.0ལས་ཆེ་བའམ་མཉམ་པ་ཡིན་ན་ཁ་བ་ཆེན་པོ་ཡིན།
     ཆུ་ཚོད24རིང་ཁ་བའི་འབབ་ཚད་དེ་ཧའོ་རྨིད0.1ནས་ཧའོ་རྨིད2.4བར་ནི་ཁ་བ་འབྲིང་དང་། ཧའོ་རྨིད5.0ལས་ཆེ་བའམ་མཉམ་པ་ཡིན་ན་ཁ་བ་ཆེན་པོ་ཡིན།
     ང་ཚོས་རྒྱུན་ལྡན་འཚོ་བའི་ནང་དུ་རང་གི་ཚོར་སྣང་ལྟར་ཆར་སྟོབས་ཆེ་ཆུང་དཔག་བྱས་ཆོག་པ་དང་། སྤྱིར་བཏང་བྱས་ན་ཆར་ཐིགས་གསལ་བོ་ཡོད་པ་དང་། ས་ཐོག་བབས་རྗེས་སིམ་པ་ལས་ཐོར་ཡས་མེད་ཅིང་སྐད་སྒྲ་ཆུང་བ་དེ་ནི་ཆར་ཆུང་དང་།  ཆར་བ་འབབ་དུས་ཆུ་ཐིགས་གསལ་བོ་མེད་པ་དང་སའི་ཐོག་བབས་རྗེས་ཕྱོགས་བཞིར་ཐོར་བ་དང་། ཆར་སྒྲ་ཅུང་ཆེ་བ་དེ་ནི་ཆར་འབྲིང་ཡིན། ཆར་བ་བབས་ནས་ཆུ་དུང་བན་བཤོས་པ་ལྟར་གང་སར་རྒྱུག་པ་དང་ས་ཐོག་ཏུ་བབས་རྗེས་ཐོར་བ་མ་ཟད་ཆུ་མང་པོ་འཁྱིལ་བ་དང་ཆར་སྒྲ་ཆེ་བ་ནི་ཆར་ཆེན་ཡིན། ཆར་བ་ཆེ་བ་ལས་ཀྱང་ཤུགས་དྲག་ཆེ་བ་ནི་དྲག་ཆར་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།