ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན་དེ་བཞིན་གནམ་གཤིས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-09 08:56:00 ཀློག་གྲངས།:

     ཞོགས་པའི་མཚམས་སྤྲིན་ཟེར་བ་ནི་ཞོགས་པ་གནམ་ས་འབྲེལ་མཚམས་ནས་ཉི་མ་ད་དུང་ཐོན་རྒྱུ་ཡིན་པ་དང་། མུན་ནག་ཡལ་ཏེ་ནམ་ལངས་ཟིན་པའི་སྐབས་ཀྱི་འོད་མདོག་ལ་ཟེར། དེ་ཡང་ང་ཚོས་རྒྱུན་དུ་ཤོད་པའི་སྐྱ་རེངས་ལ་བརྗོད། ཞོགས་པའི་མཚམས་སྤྲིན་གྱི་བལྟོས་བཅས་ནི་དགོང་དྲོའི་མཚམས་སྤྲིན་ཡིན། དེ་ནི་མིང་ལ་བལྟས་ན་དོན་ཤེས་པ་ཞིག་ཡིན། དེ་ནི་དགོང་དྲོའི་དུས་སུ་ཐོན་གྱི་ཡོད་པས་སྐབས་དེར་ཉི་མ་ནུབ་ཏུ་བཞུད་ཟིན་མ་ཐག་ཡིན་པ་དང་། ནམ་མཁར་སྔར་བཞིན་ཉི་མའི་འོད་ལྷག་མ་ཡོད་པས་ང་ཚོས་དེ་ལ་དགོང་དྲོའི་མཚམས་སྤྲིན་ཞེས་བརྗོད། དེ་ཡང་རྒྱུན་དུ་ང་ཚོས་ཤོད་པའི་སྨུག་མདངས་ཡིན། ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན་ནི་སྐྱ་རེངས་དང་ས་སྲོས་སྐབས་ཀྱི་ཡིད་དབང་འཕྲོག་པའི་འོད་ཀྱི་སྣང་ཚུལ་ཞིག་ཡིན། གལ་ཏེ་ནམ་མཁའི་སྟེང་ལ་སྤྲིན་པ་ཡོད་ཚེ་མཛེས་སྡུག་ལྡན་པའི་ཚོས་མདོག་དགོས་པ་དང་ང་ཚོས་དེ་ལ་འཇའ་སྤྲིན་ཞེས་བརྗོད། སྐྱ་རེངས་དང་ས་སྲོས་དུས་ལ་ནམ་མཁར་ཐོན་པའི་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་ལྗོངས་དེ་ནི་སྙན་ངག་མཁན་གྱི་སྙན་ཚིག་འབྲི་སའི་ཁྱམས་རིང་ཞིག་དང་རི་མོ་མཁན་གྱི་རི་མོ་འབྲི་སའི་རི་ཀླུང་ཞིག་ཡིན།
     གནམ་གཤིས་རིག་པའི་ཐད་ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན་གྱི་ཁ་དོག་དང་གནས་ཡུལ་ནི་གནམ་ས་འབྲེལ་མཚམས་འོག་གི་ཉི་མའི་ཟུར་ཚད་དང་། མཁའ་རླུང་ནང་གི་ཆུ་རླངས། རྡུལ་ཕྲན་གྱི་འདྲེས་ཚད། གཞི་རྡུལ་གྱི་ཆེ་ཆུང་། སྤྲིན་གྱི་འབོར་ཚད་དང་སྤྲིན་དབྱིབས་སོགས་ཀྱི་གནས་ཚུལ་འགྱུར་ལྡོག་འགྲོ་བར་གཞིགས་ནས་འགྱུར་ལྡོག་འགྲོ་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཞོགས་པ་དང་དགོང་དྲོའི་མཚམས་སྤྲིན་གྱིས་མཚོན་པའི་གནམ་གཤིས་གནས་ཚུལ་ཡང་འདྲ་གི་མེད། གནམ་རིག་ལྟ་དཔྱད་ཚད་འཇལ་བྱ་རྒྱུའི་ཐད་དེ་ནི་གལ་ཆེའི་རྒྱུ་རྐྱེན་གྲལ་ཞིག་ཡིན། མི་རྣམས་ཀྱིས་ཤེས་གསལ་ཡིན་པའི་གནམ་རིག་གཏམ་དཔེ་ཞིག་ཡོད་དེ། ཞོགས་པའི་མཚམས་སྤྲིན་མཐོང་ན་ནང་དུ་སྡོད། དགོང་དྲོའི་མཚམས་སྤྲིན་ཁྲོད་དུ་འགུལ་སྐྱོད་བྱེད་ཟེར་བ་དེས་ཞོགས་པའི་མཚམས་སྤྲིན་དང་དགོང་དྲོའི་མཚམས་སྤྲིན། གནམ་གཤིས་བཅས་ཀྱི་འབྲེལ་བ་གསལ་བཤད་བྱས་ཡོད། ཞོགས་པའི་མཚམས་སྤྲིན་ཐོན་སྐབས་ནུབ་ཕྱོགས་དང་ས་ཆ་དེ་གའི་མཁའ་དབྱིངས་ཀྱི་བང་རིམ་དམའ་པོའི་རླུང་ཁམས་ཆེན་པོའི་ཆུ་རླངས་དང་། ཐལ་རྡུལ་འཕར་སྣོན་ཡོང་གི་ཡོད། གལ་ཏེ་ནམ་མཁར་སྤྲིན་ལེབ་མཁྲིགས་ན་གནམ་གཤིས་ངན་པ་བསྟན་རྒྱུའི་རྟགས་མཚན་ཡིན། དགོང་དྲོའི་མཚམས་སྤྲིན་ཐོན་སྐབས་ནུབ་ཕྱོགས་སྤྲིན་གྱི་བང་རིམ་ཡལ་བ་དང་། མ་གཞི་ས་ཆ་དེ་ག་དང་ཤར་ཕྱོགས་ཀྱི་བང་རིམམ་དམའ་པོའི་རླུང་ཁམས་ཆེན་པོའི་ནང་གི་ཆུ་རླངས་དང་། ཐལ་རྡུལ་མང་པོ་ཡོད་མོད། འོན་ཀྱང་མ་འོངས་ཀྱི་འཕེལ་ཕྱོགས་དེ་མུ་མཐུད་ཤར་ཕྱོགས་སུ་སྤོ་བས་ས་ཆ་དེ་གར་ཤུགས་རྐྱེན་ཐེབས་མི་སྲིད་པས་གནམ་གཤིས་དྭངས་རྒྱུའི་འཕེལ་ཕྱོགས་ཡིན།
     དེ་མིན་ཞོགས་པ་དང་དགོང་དྲོའི་མཚམས་སྤྲིན་ཐོན་རྗེས་གནམ་དྭངས་རྒྱུ་ཡིན་པ་དང་ཆར་བ་བབས་རྒྱུ་ཡིན་མིན་གནད་ལ་འཁེལ་པོས་སྔོན་དཔག་བྱེད་དགོས་ན་ད་དུང་གལ་ཆེ་ཤོས་ཞིག་ལ་མཚམས་སྤྲིན་གྱི་ཁ་དོག་ལ་བལྟ་དགོས། ཁ་དོག་སྐམ་ཤས་ཅན་གྱི་དམར་པོ་ཡིན་ན་ནམ་མཁའ་དྭངས་རྒྱུ་དང་། ཁ་དོག་ཁམ་མདོག་ཅན་གྱི་དམར་པོ་དང་དམར་ནག་ཡིན་ན་ཆར་པ་འབབ་རྒྱུའི་རྟགས་མཚན་ཡིན། དགོང་དྲོའི་མཚམས་སྤྲིན་སྐམ་ཤས་ཅན་གྱི་དམར་པོ་ཡིན་ན་ཡུན་རིང་ཐན་པ་བསྟན་རྒྱུའི་སྔ་ལྟས་ཡིན།
     ད་དུང་གཏམ་དཔེར། མཚམས་སྤྲིན་ཁེངས་ན་ནམ་མཁའ་དྭངས། མཚམས་སྤྲིན་ཕྱེད་ཀས་ཆར་བ་འབབ་ཅེས་ཤོད། གཏམ་དཔེའི་ནང་གི་མཚམས་སྤྲིན་ཁེངས་ཟེར་བ་ནི་མཚམས་སྤྲིན་ནམ་མཁའི་དཀྱིལ་ཡོལ་བའམ་ནམ་མཁའ་ཡོངས་མཚམས་སྤྲིན་གྱིས་ཁེངས་པ་ལ་ཟེར། མཚམས་སྤྲིན་གྱིས་ཁེངས་པའི་སྐབས་སུ་གནམ་དྭངས་རྒྱུ་ཡིན། དེའི་རྒྱུ་མཚན་ནི་ནམ་མཁར་སྤྲིན་མེད་པའམ་སྤྲིན་པ་ཉུང་ཉུང་འཁོར་སྐབས་རླུང་ཁམས་ཆེན་པོའི་འདུས་རྡུལ་ཉི་འོད་ཀྱིས་ཐོར་འཕྲོ་བྱེད་པས་སྒྲིབ་བྲལ་གསལ་ཤུགས་ཆེ་ཤོས་ཡིན་པའི་འོད་དམར་པོས་ནམ་མཁའ་ཁྱབ་པས་དེར་བརྟེན་གནམ་གཤིས་ཡག་པོ་བསྟན་རྒྱུ་ཡིན། དེ་ལས་ལྡོག་ན་ནམ་མཁར་སྤྲིན་པ་ཡོད་པ་མཚོན་པ་དང་། སྤྲིན་པའི་བང་རིམ་གྱིས་མཚམས་སྤྲིན་འོད་མདངས་ཆ་ཤས་ཙམ་ལས་ལྡོག་འཕྲོ་བྱེད་མི་ཐུབ་པས་དེར་བརྟེན་ཆར་བ་འབབ་རྒྱུའི་ཉེན་ཁ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།