མིའི་ཐབས་ཀྱིས་སེར་བ་ཇི་ལྟར་བྱས་ཏེ་གཏོར་དགོས་སམ།
སྐར་མ་ཁ་ཤས་སམ་སྐར་མ་བཅུ་ཕྲག་ཁ་ཤས་རིང་འབབ་པའི་སེར་བས་ལོ་ལེགས་ལེན་ཆོག་ཡིན་པའི་སྟོན་ཐོག་དེ་འབྲུ་རྡོག་གཅིག་བསྡུ་མི་ཐུབ་པ་བཟོ་བ་དང་། སྨིན་གྲབས་ཡོད་པའི་འབྲས་བུ་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། དེས་མི་ཚད་ད་དུང་སྒོ་ཕྱུགས་ཤི་རྨས་བཏང་སྟེ་མི་དམངས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོ་གི་ཡོད།
སེར་བ་སྔོན་འགོག
ལོ་མང་རིང་རང་རྒྱལ་ངལ་རྩོལ་མི་དམངས་ཀྱི་ཡུལ་ཐབས་ཀྱི་མེ་སྒྱོགས་དང་ཡུལ་ཐབས་ཀྱི་མེ་ཤུགས་འཕུར་མདའ་སོགས་བེད་སྤྱད་དེ་སེར་བ་སྲུང་བ་དང་། སེར་བ་འགོག་པའི་འཐབ་རྩོད་སྤེལ་མྱོང་ཡོད། ཚན་རིག་ལག་རྩལ་དར་ཁྱབ་ཆེ་བའི་རྒྱལ་ཁབ་མང་པོས་ཀྱང་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་བེད་སྤྱོད་བྱས་ཏེ་སེར་བ་སྔོན་འགོག་བྱེད་ཅིང་དེའི་ནང་ནས་མཁའ་འཕེན་མེ་སྒྱོག་དང་མེ་ཤུགས་འཕུར་མདའ་ཆུང་བ་བེད་སྤྱད་བྱས་ཏེ་སེར་ལྡན་སྤྲིན་པ་གཏོར་བའི་ཐབས་ཤེས་དེ་ནི་རྒྱ་ཁྱབ་ངང་བེད་སྤྱོད་བྱ་བཞིན་པའི་བྱ་ཐབས་ཤིག་རེད། མཁའ་འཕེན་མེ་སྒྱོགས་སྤྱད་དེ་སེར་བ་བཏོར་བའི་རྩ་བའི་རིགས་པ་གསུམ་སྟེ། དང་པོ། མཁའ་འཕེན་མེ་སྒྱོགས་དེ་སྤྲིན་པའི་གསེབ་ཏུ་འབར་གས་བྱས་རྗེས་སྐྱོམ་ཤུགས་ཧ་ཅང་ཆེན་པོ་ཡོད་པས་སེར་བ་ཐོར་ཞིག་ཏུ་འགྲོ་བའམ་བཞུར་གྱི་ཡོད། གཉིས་པ། མེ་སྒྱོགས་འབར་གས་བྱས་པའི་རྐྱེན་གྱིས་མཁའ་རླུང་ཚ་སྦོས་ཐེབས་ནས་སྤྲིན་པའི་ནང་གི་འཁྱག་གོང་དང་། ཆུ་ཐིགས་ཆར་པར་འགྱུར་ནས་ས་གཞི་ཆེན་མོར་འབབ་ཀྱི་ཡོད། གསུམ་པ། མཁའ་འཕེན་མེ་སྒྱོགས་ཕངས་ཏེ་སྤྲིན་པའི་གསེབ་ཏུ་འབར་བ་བྱས་པར་བརྟེན་སྤྲིན་པའི་ཕྱི་ནང་གི་མཁའ་རླུང་འདྲེས་ནས་སྤྲིན་པ་ཐད་དཔྱང་དུ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཐེབས་རྐྱེན་མཐོ་རྒྱུག་རླུང་རྒྱུན་ཤུགས་ཞན་དུ་སོང་སྟེ་སེར་ལྡན་སྤྲིན་པ་རིམ་བཞིན་ཉམས་པར་བརྟེན་སེར་བ་གྲུབ་ཐབས་མེད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com