བློ་བཟང་ཨང་ཀིའི་ཚན་རྩལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་བཟོ་ལས་ར་བར་གནས་བཅས་པ།
བློ་བཟང་ཨང་ཀིའི་ཚན་རྩལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་བཟོ་ལས་ར་བར་གནས་བཅས་པ།
ཟླ6པའི་ཚེས11ཉིན། བོད་ཡིག་ཨང་ཀིའི་ཚན་རྩལ་སྔོག་འདོན་ལས་གཞིའི་མཚོ་སྔོན་ཚོང་ཚོགས་མཚོ་ལྷོའི་དངུལ་གཏོང་ཁོར་ཡུག་གསལ་བཤད་ཚོགས་འདུ་དང་ལས་གཞི་ཆེད་འཚོང་ཡིག་རྟགས་འགོད་པའི་མཛད་སྒོ་བདེ་བླག་ངང་སྤེལ་ཞིང་། འདིས་ཚོང་འགུག་དངུལ་འདྲེན་བརྒྱུད་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཐོག་དང་པོའི་ཚན་རྩལ་རིག་གནས་ཁེ་ལས་དེ་ཆབ་ཆ་བཟོ་ལས་ར་བར་གནས་བཅས་པ་མཚོན།
མཚོ་སྔོན་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་ད་ལོའི་ཟླ4བར་བཙུགས་པ་ཡིན་ཞིང་། ཐོ་འགོད་མ་དངུལ་སྒོར་བྱེ་བ2བཏང་བ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ56695ལྷག་ཡིན། ད་ལྟ་དངོས་སུ་ཆབ་ཆ་བཟོ་ལས་ར་བར་གནས་བཅས་ཡོད། ཁེ་ལས་འདི་ནི་བོད་ལྗོངས་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་སྟེ་བཙུགས་པའི་རང་ཚུགས་ཁྲིམས་མིའི་ཁེ་ལས་ཤིག་ཡིན་ཏེ། དེར་གསར་གཏོད་ཆེད་ཁེ་རྣམ་གྲངས་གསུམ་དང་། ཆེད་ཁེ་དང་འབྲེལ་བའི་རྣམ་གྲངས་དྲུག རྩོམ་དབང་གི་རྣམ་གྲངས་གཅིག དེ་མིན་ད་དུང་ཐོ་འགོད་ཚོང་རྟགས་གཉིས་བཅས་འདུས་པ་ཡིན།
ཀུང་ཟི་འདིས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་སུ་ཕྱིར་ཚོང་དྲ་ཚིགས་བཙུགས་ཡོད་ཅིང་། གཙོ་བོར་བོད་ཡིག་མཉེན་ཆས་སྔོག་འདོན་དང་། བོད་ཡིག་གློག་རྡུལ་མཁྲེགས་ཆས་ཐོན་རྫས་ཀྱི་སྔོག་འདོན་ཐོན་སྐྱེད། དེ་མིན་སྣ་སོ་སོའི་རྩིས་འཁོར་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་བ་གཉེར་བ་ཡིན།
ཐོན་རྫས་ལ་འཛམ་གླིང་དུ་ཐོག་དང་པོའི་བོད་རྒྱ་དབྱིན་གསུམ་ཚིག་མཛོད(མཁྲེགས་ཆས)དང་། བོད་རྒྱ་དབྱིན་གསུམ་རིག་ལྡན་ལག་འཁྱེར་ཁ་པར། བོད་རྒྱ་དབྱིན་གསུམ་སྨྱན་མང་གཟུགས་སློབ་གསོ་འཕྲུལ་ཆས། བོད་རྒྱ་དབྱིན་གསུམ་གྱི་མཐེབ་གཞོང་། ཙི་རྟགས། ལག་འཁྱེར་ཁ་པར་གྱི་ཉི་གློག་གློག་གསོག་ཆས་སོགས་ཡོད།
ཀུང་ཟིའི་སྤྱི་ཁྱབ་ལས་འཛིན་པ་བློ་བཟང་ལགས་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་གྱི་མི་ཡིན་ཞིང་། 1994ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དངོས་ལུགས་རིག་པའི་གླིང་དུ་མཐར་ཕྱིན་རྗེས་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་གླིང་དུ་སློབ་ཁྲིད་ཀྱི་བྱ་ལས་གཉེར། 2008ལོར་ཨ་རི་ནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་རྗེས་བོད་ལྗོངས་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་ཟི་བཙུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com