མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་སོ་དྲུག་པའི་ལུས་རྩལ་འགྲན་ཚོགས་སྤེལ་པ།
རྩལ་སྦྱང་ར་བ་རུ་བསྐྱོད་པའི་འཛིན་གྲྭ་སོ་སོ།
ཡུལ་དངོས།
ཟླ4བའི་ཚེས25ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐབས་སོ་དྲུག་པའི་ལུས་རྩལ་འགྲན་ཚོགས་སྤེལ་ཞིང་། སློབ་གཙོ་གཞོན་པ་ཤུའུ་ཏ་ལེ་ཡིས་མདོ་འཛིན་མཛད་པ་དང་སློབ་གཙོ་གཞོན་པ་བསོད་ནམས་དཔལ་ལྡན་གྱིས་མཛད་སྒོ་འགོ་རྩོམ་པའི་གཏམ་བཤད་གནང་།
སྟེགས་བུའི་སྟེང་གི་འབྲེལ་ཡོད་སློབ་གྲྭའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ།
རྩལ་སྦྱང་ར་བར་གྲལ་སྒྲིག་སྟེ་འགོ་རྩོམ་པར་སྒུག་བཞིན་པའི་ཚུལ།
བོད་རྒྱ་དབྱིན་གསུམ་གྱི་སློབ་མའི་མདོ་འཛིན་པ།
ནམ་མཁའ་གཡའ་དག་ཞིང་ས་གཞི་རྡུལ་དག་པའི་ཉིན་མོ་འདིར། སློབ་མ་རྣམས་ཀྱིས་ལུས་རྩལ་གྱོན་ཆས་གསར་བ་དང་། འཛིན་གྲྭའི་སྔུན་དུ་འགོ་ཁྲིད་པའི་སློབ་མ་དང་གར་འཁྲབ་མཁན་དགེ་སློབ་རྣམས་ཀྱིས་བོད་ལྭ་གྱོན་ཏེ་སྔ་མོ་ནས་གོ་རིམ་ལྡན་པའི་ངང་ལུས་རྩལ་ར་བ་རུ་གྲལ་སྒྲིག་ཅིང་ཟིལ་ཤུགས་ལྡན་པའི་ཁ་དབུགས་ཤིག་རབ་ཏུ་ཁེངས་འདུག དེ་ཡང་ཐོག་མར་བྲོ་གར10ལྷག་དགེ་སློབ་ཡོངས་ཀྱི་སྤྱན་སྔར་ཕུལ་ཏེ་གཞི་ནས་རྩེད་མོའི་ཡང་རྩེར་སོན་བྱུང་།
གླུ་དང་གར་གྱི་རྩེད་འཇོ་ལ་རོལ་བ།
ཁ་བཏགས་དཀར་པོ་མཐོ་རུ་བཏེགས་ཏེ་བཀྲ་ཤིས་པའི་བསྟོད་གླུ་ལེན་པ།
ཡུལ་དངོས་ཀྱི་སློབ་མའི་གཟིགས་མོ་བ།
ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་ཕྱོགས་གང་ཐད་ནས་འབད་པ་ཆེར་བསྐྱེད་ཀྱིས་བྱང་ཚད་སློབ་གསོ་མཐོར་འདེགས་དང་བསླབ་གཞི་གསར་བའི་ཚད་གཞི་བཅས་ལ་གཞོལ་ཏེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་དམིགས་སུ་བཟུང་བ་དང་། འདི་ལྟ་བུའི་བྱ་འགུལ་རབ་དང་རིམ་པ་གང་མང་སྤེལ་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོབ་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com