གཡེར་མོ་ཐང་འཕྲིན་སྟེགས་དེ་རིང་ནས་དངོས་སུ་སྤྱོད་འགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-05-11 08:38:16
ཀློག་གྲངས།:
ཟླ5པའི་ཚེས10ཉིན། “མཚོ་སྔོན་བོད་ཡིག་ཁ་པར་འཕྲིན་གྱི་ཕོ་ཉ”གཡེར་མོ་ཐང་འཕྲིན་སྟེགས་སུ་རིམ་སྤར་བྱས་ཤིང་། ད་ལྟ་ཨན་ཊོ་ཁ་པར་སྟེང་ཕབ་ལེན་ནང་འཇུག་བྱ་ཐུབ་ལ། ཀུ་ཤུ་ཁ་པར་གྱི་སྟེང་དུ་ཡང་མི་འགྱངས་པར་ཕབ་ལེན་བྱ་ཐུབ།
གཡེར་མོ་ཐང་འཕྲིན་སྟེགས་ཀྱིས་ཡི་གེ་དང་འདྲ་པར། སྒྲ་དང་བརྙན་སོགས་སྣ་མང་མཉམ་བསྲེས་ཀྱི་རྣམ་པ་སྤྱད་དེ། ཚགས་པར་དང་རྒྱང་སྒྲོག བརྙན་འཕྲིན། དྲ་རྒྱའི་སྤུས་ལེགས་ནང་དོན་ཕྱོགས་བསྡུས་ཀྱིས་གསར་འགྱུར+སྲིད་དོན+ཞབས་ཞུ་བཅས་སྣ་འཛོམས་ཅན་གྱི་དཔར་གཞི2.0ཅན་གྱི་བོད་ཡིག་གི་དྲིལ་སྒྲོག་འཕྲིན་སྟེགས་ཤིག་ཡིན་པས། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་སྔར་ལས་ཞབས་ཞུ་སྟབས་བདེ་ཤིག་བསྐྲུན་ཡོད། མཚོ་སྔོན་བོད་ཡིག་ཁ་པར་འཕྲིན་གྱི་ཕོ་ཉ་དེ་གཡེར་མོ་ཐང་འཕྲིན་སྟེགས་སུ་རིམ་སྤར་བྱས་རྗེས། ནང་དོན་ཕུན་སུམ་ཚོགས་ཤིང་བྱེད་ནུས་འཐུས་སྒོ་ཚང་པ། ཉམས་ལེན་ངོ་མཚར་པ་བཅས་ཡིན།

གཡེར་མོ་ཐང་འཕྲིན་སྟེགས་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྐྱོང་དང་མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་བོད་ཡིག་གི་འཕྲིན་སྟེགས་གལ་ཆེན་ཞིག་སྟེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་བྱེད་ཐབས་གཞིར་བཟུང་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དྲིལ་སྒྲོག་ལ་སྐུལ་འདེད་བཏང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད། དམངས་ཚིས་བཅོས་སྒྱུར་སོགས་ལག་ལེན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཚན་རྩལ་དང་རིག་གནས། འཕྲོད་བསྟེན་སོགས་ཡོངས་ཁྱབ་ཤེས་བྱ་དྲིལ་སྒྲོག་གིས་རོང་འབྲོག་ཁུལ་གྱི་ཐོན་རྫས་ཕྱིར་འཚོང་མཐུད་སྦྲེལ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་། རོང་འབྲོག་ཁུལ་གྱི་སྤུས་ལེགས་སྲོལ་རྒྱུན་རིག་གནས་དྲིལ་སྒྲོག་གིས་རྒྱ་ཆེའི་བོད་རིགས་མི་དམངས་ལ་བརྡ་འཕྲིན་དང་འཚོ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་པའི་སྟེགས་བུ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།