ངོས་དང་པོ > སློབ་གསོ། > ཚན་རྩལ་ཤེས་བྱ། > མཆོག་ནོར་གྲངས་འཛིན་གྱིAIཐོན་རྫས་རྒྱལ་ཡོངས་སུ་འགྲེམ་པའི་མཛད་སྒོ་ཁྲེང་ཏུའུ་ནས་སྤེལ།
མཆོག་ནོར་གྲངས་འཛིན་གྱིAIཐོན་རྫས་རྒྱལ་ཡོངས་སུ་འགྲེམ་པའི་མཛད་སྒོ་ཁྲེང་ཏུའུ་ནས་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-12-08 10:33:36
ཀློག་གྲངས།:
༢༠༢༥ལོའི་ཟླ༡༢པའི་ཚེས༦དྲུག་ཉིན། བོད་སྐད་ཀྱིAIགྲངས་འཛིན་ཐོན་རྫས་ཐོག་མ༼མཆོག་ནོར་རིག་ནུས་ཀྱིAIཙིག་རྟགས༽ཀྱི་འགྲེམ་སྤེལ་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་སྤེལ་བ་རེད། བོད་སྐད་ཡིག་གི་རིག་ནུས་ཐོན་རྫས་འགྲེམ་སྤེལ་མཛད་སྒོ་འདི་བོད་ལྗོངས་མཆོག་ནོར་སློབ་གསོ་གསོ་སྦྱོང་ལྟེ་གནས་མི་བཟོས་རིག་ནུས་ཞིབ་འཇུག་གླིང་དང་། བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་སྤྱི་གཉེར་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་ཁམས་པའི་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པ་རེད།

བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་ལས་རིགས་ཀྱི་མཁས་དབང་དང་སློབ་གསོ་བ། སྒྱུ་རྩལ་པ། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་སོགས་མི་བརྒྱ་ལྷག་འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས་སུ་ཕེབས་ནས། ཚང་མས་གྲངས་འཛིན་དུས་རབས་ཀྱི་རླབས་རྒྱུན་ཁྲོད་མི་རིགས་སྐད་ཡིག་གི་འཕེལ་རྒྱས་གནས་བབ་དང་འབྱུང་འགྱུར་གྱི་ཁ་ཕྱོགས། སྐད་ཡིག་རིག་གནས་ཡུན་དུ་གནས་པར་གྲངས་འཛིན་གྱི་གལ་ཆེན་རང་བཞིན་སོགས་ཀྱི་ཐད་ནས་གསུང་བཤད་ཟབ་མོ་གནང་བ་དང་། དོན་སྙིང་ལྡན་པའི་དགོངས་ཚུལ་བསྟན་པ་རེད།

འགྲེམ་སྤེལ་མཛད་སྒོའི་ཐོག་མཆོག་ནོར་གྲངས་འཛིན་འགོ་རྩོམ་མཁན་བསྟན་འཛིན་ནོར་ལགས་ཀྱིས་གྲངས་འཛིན་ཐོན་རྫས་ཀྱི་གསར་གཏོད་བརྒྱུད་རིམ་དང་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། གཞན་ད་དུང་ཡུལ་དངོས་ཀྱི་སྐུ་མགྲོན་ཚོས་ཐོན་རྫས་བཀོལ་སྤྱོད་ཀྱི་མྱོང་བྱ་བརྗེ་རེས་བྱས་པ་དང་། མཆོག་ནོར་ལས་སྒྲུབ་མི་སྣསAIཙིག་རྟགས་ཀྱི་བྱེད་ནུས་དང་བཀོལ་སྟངས་འགྲེལ་བཤད་བྱས་ཤིང་། མཆོག་ནོར་ཐོན་རྫས་གཉེར་སྐྱོང་ཁང་གིས་ས་ཁོངས་ཆེན་པོ་གསུམ་གྱི་ཚབ་ཚོང་པར་ཐོན་རྫས་ཚོང་དབང་སྤྲད་པ་དང་། ད་དུང་ངོ་མཚར་ཅན་གྱི་འཕྲུལ་མིས་འཁྲབ་སྟོན་དང་། དེ་མིན་བོད་ཀྱི་ཟློས་དང་གླུ་དབྱངས་སོགས་ཀྱི་མཆོད་པ་ཕུལ་ནས་རིག་གནས་ཀྱི་དོན་སྙིང་ལྡན་ལ་སྒྱུ་རྩལ་གྱི་བྲོ་བས་ཕྱུག་པའི་མཛད་སྒོ་བདེ་བླག་ངང་སྤེལ་བ་རེད།

རྒྱུས་ལོན་བྱུང་བར་ལྟར་ན་ཐེངས་འདིར་འགྲེམ་སྤེལ་བྱེད་པའི་རིག་ནུས་ཙིག་རྟགས་འདི་མཆོག་ནོར་སྤྱི་གཉེར་ཁང་གིས་གསར་དུ་སྤེལ་བའི་རྒྱལ་ནང་དུ་ཐོན་རབས་དང་པོར་གྲགས་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་གཏེར་ཚང༼DeepZang༽ཞེས་པའི་བདག་ཉིད་ཅན་ལས་ཐོན་པའི་ཡན་ལག་ཐོན་རྫས་ཤིག་ཡིན་པ་དང་། གྲངས་འཛིནAIཙིག་རྟགས་ཐོན་རབས་གཉིས་པ་འདིར་རྩོམ་ལ་ཐོགས་པ་མེད་ཅིང་སྐད་གཉིས་ལོ་ཙཱའི་ལས་ལ་བྱང་པ། ངག་གིས་རྩོལ་བས་ཡི་གེ་འདོགས་མཁས་ཤིང་ཡིག་རིས་ངོས་འཛིན་མྱུར་བ། ཆོལ་གསུམ་སྐད་ལ་གོམས་ཤིང་ལག་ཐོགས་ཤེས་བྱའི་དཀའ་གནད་གྲོལ་བ། རྒྱ་བོད་དབྱིན་གསུམ་རྐང་དུ་འཛིན་པའི་སྐད་རིགས་སྣ་མང་ཐོགས་མེད་བསྒྱུར་བ་སོགས་སྐད་ཡིག་རིག་གནས་ལ་བཀོལ་སྤྱོད་ཆེ་བའི་བྱེད་ནུས་སྣ་ཚོགས་ལྡན་ཡོད་པ་རེད།

རིག་ནུས་ཙིག་རྟགས་འདི་གསར་གཏོད་བྱས་པའི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་ནི་༢༠༡༦ལོའི་ཟླ་༣པར་གསར་དུ་བཙུགས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་ཆེའི་འབྲེལ་དྲྭའི་ཁེ་ལས་ཤིག་རེད། ༢༠༢༣ལོར་བོད་རང་སྐྱོང་ཏང་ཨུའི་དྲ་འཕྲིན་གཞུང་དོན་ཁང་དང་། དཔལ་འབྱོར་ཆ་འཕྲིན་ཐིང་། སློབ་གསོ་ཐིང་། ཚན་རྩལ་ཐིང་། ཚོང་དོན་ཐིང་སོགས་ཐིང་རིམ་པའི་ལས་ཁུངས༡༤ཡིས་ཐུན་མོང་ངོས་འཛིན་བྱས་ཏེ་བོད་རང་སྐྱོང་ལྗོངས་རིམ་པའི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་གསོ་སྦྱོང་རྟེན་གཞིའི་མཚན་སྙན་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号