འབའ་རྫོང་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སྐས་རིམ་གསར་བར་སླེབས།
ཉེ་སྔོན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭར་སོང་སྟེ། སྔོན་གྱི་རྙིང་ཧྲུལ་ཅན་གྱི་སློབ་ཁང་དག་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ཐོག་ཁང་གསར་བར་བསྒྱུར་ཡོད་པ་མཐོང་། རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་སློབ་གསོ་ཐིན་གྱི་སློབ་རའི་བདེ་འཇགས་བཟོ་སྐྲུན་དང་ཚད་ལྡན་སློབ་གྲྭ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས། རྫོང་སློབ་གསོ་སྡེ་ཁག་གིས་ཧུར་ཐེག་གིས་སློབ་གྲྭ་དེར་མ་དངུལ་བརྩོན་ལེན་བྱས་ཏེ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1222ཡོད་པའི་སློབ་ཁྲིད་ཐོག་ཁང་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1264ཡོད་པའི་ཉལ་ཁང་འཛུགས་སྐྲུན་བྱས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1100ཡོད་པའི་ཟ་ཁང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན། དེ་དང་མཉམ་དུ་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་དང་ཟུང་འབྲེལ་བྱས་ནས། པོད་ཀང་ཚོགས་པའི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ། ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭའི་དྲོད་རླངས་མཁོ་སྤྲོད་འཛུགས་སྐྲུན་ལག་བསྟར་བྱས། གོང་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ནས། སློབ་གྲྭ་འདིའི་སློབ་སྐྱོང་ཆ་རྐྱེན་ཇེ་བཟང་དུ་གཏོང་རྒྱུ་མ་ཟད། འོས་འགན་སློབ་གསོ་ཆ་སྙོམས་སུ་འཕེལ་རྒྱས་འབྱུང་བར་ཤུགས་རྐྱེན་ཐེབས་སྲིད།
ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭ1962ལོར་བཙུགས་པ་དང་། བཅའ་སྡོད་སློབ་གྲྭ་ཆ་ཚང་ཞིག་ཡིན་པ་མ་ཟད། ད་དུང་རྫོང་མཁར་ལ་ཆེས་ཐག་རིང་བས་སློབ་གྲྭ་ཞིག་ཀྱང་ཡིན། ད་ལྟ་ཞོལ་མ་ཞང་ན་ཡོད་པའི་བཅའ་སྡོད་སློབ་གྲྭ་གཅིག་པུ་ཡིན། སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ་བ་མི41ཡོད་པ་དང་། སློབ་སྡོད་སློབ་མ389དང་སློབ་གྲྭ་ཡོངས་ལ་ལོ་རིམ6དང་འཛིན་གྲྭ12ཡོད། སློབ་གྲྭ་ནས་བོད་ཡིག་དང་རྒྱ་ཡིག རྩིས་རིག་དང་དབྱིན་ཡིག་བཅས་སློབ་ཚན་གཙོ་བོ་བཞི་དང་། རྩལ་སྦྱོང་དང་རོལ་མོ། རི་མོ་དང་བརྡ་འཕྲིན་ལག་རྩལ་སོགས་སློབ་ཚན་ཕལ་བ་བརྒྱད་ཚུགས་ཡོད་ལ། སྐད་གཉིས་སློབ་ཁྲིད་དང་ལེན་བྱེད་བཞིན་ཡོད།
ཉེ་བའི་ལོ་འདི་དག་གི་རིང་ལ། སློབ་གྲྭ་འདིའི་ཀུན་སྤྱོད་སློབ་གསོ་གཙོས་པའི་སློབ་གསོ་ལྔ་མཉམ་དུ་སྤེལ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲི་པུའུ་དང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། ལོ་ཆུང་གདོང་ལེན་རུ་ཁག་འཛུགས་སྐྲུན་བྱས། འཛིན་གཙོ་གཙོ་འཛིན་དང་བསླབ་ཚན་སོ་སོའི་དགེ་རྒན་གྱིས་ཀུན་སྤྱོད་སློབ་གསོ་དོ་དམ་དྲ་རྒྱའི་མ་ལག་ལ་རམ་འདེགས་བྱས་ནས། དགེ་སློབ་ཡོངས་ལ་སློབ་གྲྭའི་འཚོ་བ་ལེགས་པོ་ཞིག་སྐྲུན་པ་དང་མཉམ་དུ།ཧུར་ཐེག་གིས་སློབ་མ་རྣམས་སྣེ་ཁྲིད་བྱས་ཏེ་རང་བདག་དང་མཉམ་སྒྲུབ། རྩད་ཞིབ་བཅས་ཀྱི་སློབ་སྦྱོང་བྱེད་ཐབས་གསར་བ་ཤེས་སུ་བཅུག་པ་དང་། ནུས་ཤུགས་ཡོད་རྒུས་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་ནུས་པ་གསོ་སྐྱོང་བྱས། ད་དུང་ནན་ཏན་སྒོས་སློབ་ཁྲིད་ཞིབ་འཇུག་བྱ་འགུལ་སྤེལ། སློབ་ཚན་བཅོས་བསྒྱུར་དང་ཚན་རིག་ཞིབ་འཇུག་བརྗོད་བྱ་གཙོ་བོ་བྱས་པ་དང་། སློབ་པ་དང་བལྟ་བ། སྒྲུབ་པ་དང་འབྲི་བ་སོགས་གནད་ཏུ་བཟུང་ནས། དགེ་རྒན་ཕན་ཚུན་བར་གྱི་སློབ་སྦྱོང་བརྗེ་རེས་བྱ་བའི་སྟེགས་བུར་གྱུར་ཡོད་པ་དང་། དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ལ། སློབ་ཁང་སློབ་ཁྲིད་ཕན་འབྲས་ཇེ་མཐོར་བཏང་བ་དང་། དུས་གཏན་དུ་སྤུས་ལྡན་སློབ་འཛུགས་བྱས་པའི་འདུ་ཤེས་སྲ་བརྟན་དང་སློབ་ཁྲིད་སྤུས་ཚད་ལ་ལྟ་སྐུལ་དང་དོ་དམ་བྱེད་པ་ཤུགས་སྣོན་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོར་ངང་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com