ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ངོ་སྤྲོད་རགས་བསྡུས།
ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ(བསྡུས་མིང་ལ་གངས་རྒྱན་སློབ་གསོ)ནི2011ལོར་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་དང་གྲོང་ཁྱེར་དམངས་སྲིད་ཅུའུ། གྲོང་ཁྱེར་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་ནས་ཐོ་འགོད་དང་ཆོག་མཆན་ཐོབ་པའི་སློབ་གསོ་གསོ་སྦྱོང་སྡེ་ཁག་ཅིག་ཡིན་པ་དང་། གཙོ་བོར་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སློབ་སྦྱོང་དང་། རིག་གནས་ལག་རྩལ་གསོ་སྦྱོང་། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྦྱོང་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད།
སློབ་གྲྭའི་སྡོད་གནས་ནི་འགྲིམ་འགྲུལ་ཆེ་ཆེར་སྟབས་བདེ་ཡིན་པའི་མཁར་གྲོང་དཀྱིལ་གྱི་ནན་ཀོན་སྲང་ལམ་དུ་ཡོད། གངས་རྒྱན་སློབ་གསོས་ནམ་ཡང་ལྷག་བསམ་རྣམ་དག་གིས་ཞིང་ཆེན་ཕྱི་ནང་གི་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སློབ་སྦྱོང་བྱེད་མཁན་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་གསོ་སྦྱོང་དང་སློབ་སྦྱོང་བྱེད་སའི་ཁོར་ཡུག་ལེགས་ཤོས་ཤིག་བསྐྲུན་གྱིན་ཡོད། ད་ལྟའི་བར་དུ་རིམ་པ་མི་འདྲ་བའི་གསོ་སྦྱོང་འཛིན་གྲྭ་ཐེངས50ལྷག་དང་མི་གྲངས1000ཉེ་བ་ཙམ་ལ་རིགས་མི་འདྲ་བའི་སློབ་གསོ་སྣ་ཚོགས་སྤེལ་ཏེ་མི་རིགས་སློབ་གསོའི་བྱ་བར་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་སུ་མཆིས།
གཞན་ཡང་སློབ་གྲྭའི་སློབ་ཁྲིད་དུས་ཡུན་ལོ་རེར་སློབ་སྐབས་བཞི་རེ་ཡོད་དེ། ལོ་རེའི་ཟླ་དང་པོ་ནས་གཉིས་པའི་དགུན་གནང་གི་སློབ་སྐབས་དང་། ཟླ་གསུམ་པ་ནས་ཟླ་དྲུག་པའི་བར་གྱི་གཟའ་མཇུག་གི་སློབ་སྐབས། ཟླ་བདུན་པ་ནས་ཟླ་བརྒྱད་པའི་དབྱར་གནང་གི་སློབ་སྐབས། ཟླ་དགུ་བ་ནས་ཟླ་བཅུ་གཉིས་བར་གྱི་གཟའ་མཇུག་གི་སློབ་སྐབས་བཅས་སློབ་སྐབས་རེར་སློབ་ཐུན་ལྔ་བཅུ་རེ་ཡོད།
སློབ་གྲྭའི་ཞིབ་ཕྲའི་སྡོད་གནས།
ཟི་ལིང་མཁར་དཀྱིལ་ཁུལ་ནན་ཀོན་སྲང་ལམ་གྱི་སྒོ་རྟགས་ཨང72པ་ཁའེ་ཏཱ་ཚོང་དོན་ཐོག་ཁང་གི་བདུན་ཐོག
འབྲེལ་གཏུག་ཁ་པར།
0971—8218185དང་ཡང་ན18997126883
ཞར་བཀོད།
2010ལོའི་ཟླ4བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཤུགས་དྲག་པའི་ས་ཡོམ་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་གནོད་འཚེ་བྱུང་སྟེ་རྒྱུ་ནོར་ལ་གྱོང་གུད་ཐེབས། སློབ་ར་མང་ཆེ་བ་ཞིག་རལ་དུ་གྱུར་ནས་སློབ་མ་མང་ཆེ་བར་སློབ་གྲྭ་མེད་པར་སློབ་མ་འབོར་ཆེན་ཞིག་ཟི་ལིང་གྲོང་ཁྱེར་དུ་ཡོང་ནས་སློབ་གྲྭར་འགྲིམས། གཞན་ཡང་ལོ་རེ་བཞིན་ཟི་ལིང་གྲོང་ཁྱེར་གྱི་བོད་མིའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཟི་ལིང་གི་སློབ་གྲྭ་ཆུང་འབྲིང་དག་ན་སློབ་གཉེར་བྱེད་བཞིན་པའི་བོད་རིགས་བྱིས་པ་དག་གིས་ཕ་སྐད་སློབ་གསོའི་གོ་སྐབས་རྩ་བ་ནས་ཤོར་བའི་གནས་ཚུལ་བྱུང་ཡོད་པ་རེད།
ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ནི་སྐབས་དེ་ལྟ་བུ་ཞིག་ཏུ་འཚར་ལོངས་བྱུང་བས། དེ་ཡིས་གནོད་ཐེབས་ས་ཁུལ་གྱི་བྱིས་པས་ཟི་ལིང་གྲོང་ཁྱེར་ནས་ཕ་སྐད་སྦྱོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་བོད་རིགས་ན་ཆུང་སློབ་མས་བོད་སྐད་བོད་ཡིག་སྦྱོང་ཁག་པའི་སྤྱི་ཚོགས་གནོན་ཤུགས་ཀྱང་ཇེ་ཡང་དུ་བཏང་ཡོད།
སློབ་གྲྭ་བཙུགས་མ་ཐག་འབུམ་རམས་པ་ཡབ་གཞིས་པཎ་རིག་འཛིན་དབང་མོ་མཆོག་གིས་དམངས་སྒོར་འབུམ་ལྔའི་རོགས་སྐྱོར་ལ་བརྟེན་ནས་ད་སྔའི་སློབ་གྲྭའི་ཁང་བ་འདི་ཉོས་ཤིང་ད་ལྟ་དེར་སློབ་ཁང་བཞི་དང་དགེ་རྒན་གྱི་གཞུང་ལས་ཁང་གཅིག་བཅས་ཡོད། དེས་སློབ་བུ་ཚོར་སློབ་སྦྱོང་གི་ཁོར་ཡུག་ཡག་ཤོས་ཤིག་བསྐྲུན་པ་དང་། སློབ་གྲྭས་ཕྱི་གླིང་དགེ་རྒན་གདན་དྲངས་ནས་དབྱིན་ཡིག་སློབ་ཁྲིད་བྱེད་ཅིང་ཆེས་ཕན་འབྲས་ལྡན་པའི་ཕྱི་ཡིག་སློབ་ཁྲིད་བྱེད་ཐབས་འཚོལ་རྟོགས་བྱེད་བཞིན་ཡོད། ད་སྔ་བཙུགས་ཡོད་པའི་བསླབ་ཚན་ལ་དབྱིན་ཡིག་དང་རྒྱ་ཡིག་གི་རྩོམ་འབྲི། བོད་ཡིག་རྩིས་འཁོར། མི་རིགས་ཞབས་བྲོ། མི་རིགས་རོལ་དབྱངས། དམངས་ཁྲོད་ལག་ཤེས་བཟོ་ལས་སྒྱུ་རྩལ། མཛེས་རིས་སོགས་ཡོད་པ་དང་། སློབ་མའི་ཡོང་ཁུངས་གཙོ་བོ་ནི་ཟི་ལིང་གྲོང་ཁྱེར་གྱི་གཏན་སྡོད་བོད་རིགས་སློབ་མ་དང་རྒྱ་རིགས་ཁ་ཤས་ཡིན་ལ། དེ་སྔའི་འཛིན་གྲྭའི་སློབ་མ་མང་ཆེ་བ་ནི་ཟི་ལིང་ན་ཡོད་པའི་སློབ་ཆེན་སོ་སོའི་སློབ་མ་དང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་སྤྱི་ཚོགས་མི་སྣ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com