ལན་ཇུ་གྲོང་ཁུལ་གསར་བའི་འབྲུག་ཆུ་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-23 10:01:00 ཀློག་གྲངས།:

兰州新区舟曲中学
ལན་ཇུ་གྲོང་ཁུལ་གསར་བའི་འབྲུག་ཆུ་སློབ་འབྲིང་།

སློབ་གྲྭའི་ལུས་རྩལ་ཁང་།

  ལན་ཇུ་གྲོང་ཁུལ་གསར་བའི་འབྲུག་ཆུ་སློབ་འབྲིང་ནི་ལན་ཇུ་གྲོང་ཁུལ་གསར་བའི་དཀྱིལ་སྙིང་ཁུལ་དུ་བསྐྲུན་ཡོད་ཅིང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར1.5བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.7ཡོད། སློབ་འབྲིང་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་མངའ་བའི་གཞུང་འཛུགས་བཅའ་སྡོད་སློབ་འབྲིང་ཆེ་ཤོས་ཡིན་ལ། 2011ལོའི་ལོ་མཇུག་ནས་འཛུགས་སྐྲུན་བྱས་ཏེ་ད་ལོའི་ཟླ9བར་དངོས་སུ་སློབ་ཁྲིད་བྱེད་བརྩམས་པ་རེད།
  སློབ་འབྲིང་དེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་ལྟར་གླུ་དབྱངས་དང་ལུས་རྩལ། མཛེས་རྩལ། གློག་རྡུལ་ཁྲིད་ཆས་སོགས་སྒྲིག་བཀོད་ཆ་ཚང་བསྒྲིགས་ཡོད་པ་དང་། སློབ་མའི་མལ་ཁང་ལ་ཐོག་ཁང་བཞི། མི3000ཤོང་བའི་ཟ་ཁང་། མི5000ལྷག་ཤོང་བའི་ནུས་མང་ལུས་རྩལ་ཁང་། སྨི400ཅན་གྱི་རྒྱུག་ལམ8ལས་གྲུབ་པའི་ལུས་རྩལ་ར་བ། དེ་མིན་དཔེ་མཛོད་ཁང་ཆེན་མོ་སོགས་བསྐྲུན་འདུག 
  སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་ཆེད་རྒྱལ་ཁབ་ཡོངས་སུ་ཁ་ཕྱོགས་ནས་ཕུལ་དུ་བྱུང་བའི་དགེ་རྒན་བསྡུས་པ་སྟེ། སློབ་གྲྭའི་དགེ་རྒན་སྤྱི་གྲངས་ཁྲོད་མཐོ་རིམ་མཚན་གནས་ཅན་གྱི་དགེ་རྒན20%དང་། འབྲིང་རིམ་མཚན་གནས་ཅན་གྱི་དགེ་རྒན40%  ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན5%བཅས་ཟིན་ཡོད་པ་རེད།


སློབ་གྲྭའི་ལུས་རྩལ་ར་བ།

དགེ་རྒན་གྱི་སྡོད་ཁང་།

སློབ་མའི་སྡོད་ཁང་།

སློབ་གྲྭའི་ཟ་ཁང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།