མང་རྫོང་སུམ་མདོ་ཡུལ་ཚོའི་རྒྱ་ཤིང་ཡུས་ཅིན་བྱིས་པའི་གླིང་།
མང་རྫོང་སུམ་མདོ་ཡུལ་ཚོའི་རྒྱ་ཤིང་ཡུས་ཅིན་བྱིས་པའི་གླིང་།
བྱིས་པ་རྣམས་རྩེད་ཆས་ནང་བསྡད་དེ་ངལ་གསོའི་རྩེད་འཇོ་ལ་རོལ་བ།
རྒྱ་ཤིང་ཡུས་ཅིན་བྱིས་པའི་གླིང་ནི་རྒྱ་ཤིང་སྡེ་བའི་སློབ་ཆུང་ཞིག་ཡིན་ཏེ། 2009ལོའི་ཟླ9བར་རྫོང་ཡོངས་ཀྱི་སློབ་གསོ་བཅོས་སྒྱུར་བྱས་རྗེས། སློབ་གྲྭ་འདི་ཉིད་སུམ་མདོ་ཡུལ་ཚོའི་སློབ་ཆུང་དང་གཅིག་རུ་བསྡུས་ཤིང་། འབྲོག་དམངས་རྣམས་ཁ་འཐོར་དུ་འཚོ་སྡོད་བྱེད་པའི་གནས་བབ་ལ་གཞིག་སྟེ་རྒྱ་ཤིང་ཡུས་ཅིན་བྱིས་པའི་གླིང་གིས་བཅའ་སྡོད་ལམ་ལུགས་བཙུགས། ད་ལྟ་སློབ་གྲྭ་འདིར་བྱིས་པ67ཡོད་དེ་མཐོ་རིམ་དང་། འབྲིང་རིམ། ཞོལ་རིམ་བཅས་གསུམ་གྱི་འཛིན་གྲྭ་དབྱེ་ཡོད།
བྱིས་པའི་རྩེད་ཆས།
སྙིང་ལ་རྗེ་བོའི་བྱིས་པ་རྣམས།
བྱིས་པའི་གླིང་འདིའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5314དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1026ཡིན། ད་ལྟ་གླིང་འདིར་དགེ་རྒན6ཡོད་ཅིང་། དེ་ལས་སྤྱི་ཁྱབ་ནང་འདྲེན་དགེ་རྒན2དང་། སྡེ་བ་རིམ་པས་དགེ་རྒན་དང་དོ་དམ་པ། ཇ་མ། བྱིས་སྐྱོང་མཁན་བཅས་སོ་སོ་གཅིག་རེ་ནང་འདྲེན་བྱས་ཡོད། སྤྱི་ཁྱབ་ནང་འདྲེན་དགེ་རྒན་གྱི་ཟླ་ཕོགས་ནི་རྫོང་ནོར་སྲིད་ཀྱིས་འགན་ཁུར་བ་ཡིན་ལ། སྡེ་བ་ཐུན་མོང་གིས་ནང་འདྲེན་བྱས་པའི་དགེ་རྒན་དང་བྱིས་པའི་ཞབས་ཞུ་བ་སོགས་ཀྱི་ཟླ་ཕོགས་ནི་སྡེ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་རྨོ་བསྐྱུར་ནགས་འཛུགས་ཀྱི་རོགས་དངུལ་ལས་སྟེར་བ་དང་། རྫོང་ནོར་སྲིད་ཀྱིས་བྱིས་པའི་གླིང་གི་སློབ་མ་རེ་རེར་ལོ་རེར་སྒོར50སྤྲོད་པ་ཡིན། བྱིས་པའི་བསླབ་གཞི་དག་ཡུལ་ཚོའི་སློབ་གྲྭས་གཅིག་བསྡུས་ཀྱིས་མངགས་ཉོ་བྱེད་ཅིང་། རྒྱ་ཡིག་དང་བོད་ཡིག རྩིས་རིག ཁ་བརྡ། རྩེད་མོ་སོགས་ཀྱི་བསླབ་གཞི་འདུས། འདིར་བསྡོམས་པས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི42.1བཏང་ཡོད་ལ། དེ་ལས་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི12.1བཏང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com