གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ།
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་ནི1983ལོར་བཙུགས་པ་དང་།སྔར་ཡོད་ཀྱི་གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་གི་རྨང་གཞི་ཐོག་རིམ་གྱིས་འཕེལ་རྒྱས་བྱུང་བ་ཡིན་ཞིང་། དེ་ནི་རྫོང་ཡོངས་སུ་སློབ་མ་ཆེས་མང་བ་དང་གཞི་ཁྱོན་ཆེས་ཆེ་བའི་མི་རིགས་བཅའ་སྡོད་སློབ་ཆུང་ཞིག་ཡིན་ཏེ། སློབ་གྲྭའི་རྒྱ་ཁྱོན་ཡོངས་ལ་སྤྱི་ལེ་གྲུ་བཞི་མ29820དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13251.14ཡོད་ལ། ཆབ་ཆ་གྲོང་རྡལ་དང་། ཚ་རྔ་འགག་གྲོང་རྡལ། ས་གྲུ་བཞི་ཡུལ་ཚོ། རིག་སྨོན་གྲོང་རྡལ། ཐེ་ཀེ་ཡུལ་ཚོ་སོགས་ནས་ཡོང་བའི་སློབ་མ2381ལྷག་ཡོད་པ་རེད།
གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོས་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱི་སྐྱེད་སྲིང་ལ་སྐུལ་འདེད་དང་སློབ་མར་རྨང་ལེགས་པོ་འདིང་བའི་སློབ་སྒྲུབ་འདུ་ཤེས་རྒྱུན་འཛིན་བྱས་ཐོག སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་གཟོང་ཁ་གཅིག་སྒྲིལ་བྱས་པར་བརྟེན་མཐུན་སྒྲིལ་དང་། བློས་གཏོང་། དངོས་གཉེར། གསར་གཏོད་བཅས་ཀྱི་སྟོབས་ཀྱིས་ཕྱུག་པའི་སྲོལ་བཟང་ཞིག་ཆགས་འདུག་ཅིང་། ཁོང་ཚོས་མུ་མཐུད་དུ་སློབ་གསོའི་འགན་འཁྲི་དང་ལེན་དང་སློབ་གསོའི་རྒྱུ་སྤུས་གཙིགས་སུ་བཟུང་ནས་དཔེ་སྟོན་རང་བཞིན་གྱི་བཅའ་སྡོད་སློབ་ཆུང་ཞིག་ཏུ་བསྐྲུན་པར་བརྩོན་གྱིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com