བོད་ལྗོངས་གསོ་རིག་སློབ་གླིང་གིས་ཕྱི་འབྲེལ་གྱི་བྱ་བར་ཤུགས་སྣོན་སྒོས་རོགས་སྒྲུབ་ལས་གཞི་ལ་འབད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-08 11:18:00 ཀློག་གྲངས།:

          བོད་ལྗོངས་གསོ་རིག་སློབ་གླིང་ལས་རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ཤས་རིང་སློབ་གླིང་འདིས་ཕྱི་ཕྱོགས་མཉམ་འབྲེལ་སྒོས་འཛམ་གླིང་ལ་བོད་ཀྱི་གསོ་བ་རིག་པ་དང་མི་རིགས་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་ནུས་བ་ཆེན་པོ་ཐོན།  ཉེ་བའི་ལོ་འགའི་ནང་།  སློབ་གླིང་འདིས་འབྲེལ་ཡོད་ཆེད་མཁས་མི་སྣ་གང་མང་ཨ་རི་དང་དབྱིན་ཇི།  པཱ་ཞི།  ཉི་ཧོང་སོགས་རྒྱལ་ཁབ24ལ་འཆད་ཁྲིད་དུ་མངགས་ཤིང་།  སྔ་གཞུག་ཏུ་རྒྱལ་ཁབ་དང་ས་ཁུལ30ལྷག་གི་ཤེས་ཡོན་པར་བོད་ཀྱི་གསོ་རིག་སྐོར་འཆད་ཁྲིད་གནང་བ་དང་།  1994ལོར་དབྱིན་ཇི་རུ་བོད་ཀྱི་གསོ་རིག་འཛིན་གྲྭ་བཙུགས་པ་རེད།
          2002ལོ་ནས་བཟུང་སློབ་གསོ་ཅུས་པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་།  ཅང་ཞི་ཀྲུང་ལུགས་གསོ་རིག་སློབ་གླིང་། ཧྲང་ཧེ་ཀྲུང་ལུགས་གསོ་རིག་སློབ་ཆེན།    ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན།  ཐཱན་ཅིན་སློབ་ཆེན།  ཀྲུང་གོའི་གསོ་རིག་ཚན་རིག་སློབ་ཆེན།  ཀོང་ཀྲིག་ཀྲུང་ལུགས་གསོ་རིག་སློབ་ཆེན་བཅས་བོད་ལྗོངས་གསོ་རིག་སློབ་གླིང་གི་ཁ་གཏད་རོགས་འདེགས་སྡེ་ཁག་ཏུ་གཏན་འཁེལ་བྱས་ཤིང་།  མཉམ་འབྲེལ་སྒོས་སློབ་མ་བསྡུ་བ་དང་།  དགེ་རྒན་གྱི་ཕྱོགས་ཡོངས་བསླབ་རིམ་སྒྲིག་གཞི་མཐོར་འདེགས་བྱེད་པ།  གསོ་སྦྱོང་དང་ལས་ཁུར་སྦྱོང་བརྡར།  ཚན་རིག་ཞིབ་འཇུག   ལས་གཞི་ཡར་ཞུ།  མ་དངུལ།  དཔེ་མཛོད།  སྒྲིག་ཆས་སོགས་ཀྱི་རོགས་འདེགས་བྱ་བ་སྒྲུབ་ཀྱི་ཡོད་པ་རེད།
          བོད་ལྗོངས་གསོ་རིག་སློབ་གླིང་གི་འབྲེལ་ཡོད་འགན་འཛིན་པས་བཤད་རྒྱུར།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་བོད་ལྗོངས་གསོ་རིག་སློབ་གླིང་གིས་སྔར་ལས་ལྷག་པར་གོ་སྐབས་དམ་འཛིན་དང་རོགས་སྒྲུབ་མཉམ་འབྲེལ་སྒོས་བྱ་བའི་ལམ་ཕྱོགས་གསར་བ་འཚོལ་སྙེག་བྱེད་ཅིང་རོགས་སྒྲུབ་ལས་གཞི་འཛུགས་སྐྲུན་ལེགས་པོ་བྱེད་པ་བཅས་བྱས་ནས་སློབ་གླིང་འདི་དོན་དངོས་ཐོག་དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པ་དང་།  སྐྱེ་སྟོབས་ཀྱི་དཔལ་འབར་བ།  དེང་རབས་མཐོ་རིམ་གསོ་རིག་སློབ་གསོ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་མི་རིགས་གསོ་རིག་མཐོ་རིམ་སློབ་གླིང་དུ་འགྱུར་བར་ཧུར་བརྩོན་བྱེད་རྒྱུ་ཡིན་པ་བསྟན། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།