“འདེམ་འཇོག་སློབ་ཁང་ཆུང་ཆུང”སྟེ་མངའ་རིས་འབྲོག་ཁྱིམ་བྱིས་པའི་རིག་པའི་དགའ་ཚལ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-27 11:18:00 ཀློག་གྲངས།:


བྱ་བའི་ཚན་ཆུང་གི་ཚན་གཙོ་གཞོན་པ་ཉི་མ་ལགས་ཀྱིས་བྱིས་པ་ཚོར་སློབ་ཁྲིད་བྱེད་བཞིན་པ།

  མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཡུལ་ཚོའི་འདེམ་འཇོག་སྡེ་བ་ནི་མཚོ་ངོས་ལས་མཐོ་ཚད་སྨི4200ལྷག་ཡོད་པ་དང་། མངའ་རིས་ས་ཁུལ་སྲིད་གཞུང་སྡོད་གནས་སེང་གེ་ཁ་འབབ་གྲོང་རྡལ་དབར་སྤྱི་ལེ100ལྷག་དང་རྒྱ་གར་གྱི་མཐའ་མཚམས་གྲོང་ཚོའི་དབར་སྤྱི་ལེ1མེད་པའི་ཡུལ་ཞིག་ཡིན།  གནས་ཡུལ་ཁྱད་པར་བའི་དབང་གིས་སྡེ་བར་སློབ་གྲྭ་བཙུགས་མེད་པས་ཡུལ་དེའི་བྱིས་པ་རྣམས་སེང་གེ་ཁ་འབབ་གྲོང་རྡལ་དུ་སོང་ནས་སློབ་གྲྭ་འགྲིམ་བཞིན་ཡོད། སློབ་གྲྭར་འགྲིམ་པའི་དུས་མ་རན་པའི་བྱིས་པ་རྣམས་ཕ་མ་དང་མཉམ་དུ་ལུག་རྫི་བྱེད་པའམ་ཡང་ན་རྩེད་འཇོར་རོལ་ནས་འདུག་པས་རྨང་གཞིའི་སློབ་གསོ་ཐོབ་མི་ཐུབ་པ་རེད།
  བོད་ལྗོངས་ཚན་རྩལ་ཐིན་གྱི་འདེམ་འཇོག་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་གིས་གནས་ཚུལ་དེ་རྟོགས་ནས་ལོ3ནས་ལོ6བར་གྱི་བྱིས་པ་རྣམས་རྩ་འཛུགས་བྱས་ཏེ“འདེམ་འཇོག་སློབ་ཁང་ཆུང་ཆུང”བཙུགས་པ་རེད། སློབ་ཁྲིད་ཀྱི་ཁྲོད་དུ་གནའ་གཏམ་བཤད་པའི་ཚུལ་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གཙང་སྦྲ་དང་། ཀུན་སྤྱོད། ས་རྒྱུས་སོགས་ཀྱི་རྒྱུན་ཤེས་དག་སློབ་མ་རྣམས་ཀྱི་རྒྱུད་ལ་བཞག
  རྒྱུས་ལོན་བྱུང་བ་ལྟར་ན་ཟླ11པའི་ཚེས6ཉིན་ནས་བཟུང“འདེམ་འཇོག་སློབ་ཁང་ཆུང་ཆུང”སྤེལ་འགོ་བཙུགས་ཤིང་། གཟའ་འཁོར་གཅིག་ལ་ཐེངས་གཅིག་ནས་གཉིས་སུ་སྤེལ་བ་དང་། ཐེངས་རེ་རེའི་སློབ་ཁྲིད་ཁྲོད་བརྗོད་གཞི་ཐ་དད་པར་གཞིགས་ནས་ནང་དོན་མི་འདྲ་ཁྲིད་བཞིན་ཡོད་པ་རེད། བྱ་བའི་ཚན་ཆུང་གི་ཁོངས་མི་རྣམས་ཀྱིས་བྱིས་པ་ཚོའི་མིག་ཟུང་ལས་སྐོམ་པ་ཆུ་འདོད་ལྟར་ཤེས་བྱ་སྦྱངས་འདོད་པའི་རེ་འདུན་རྟོགས་ནས“འདེམ་འཇོག་སློབ་ཁང་ཆུང་ཆུང”མུ་མཐུད་དུ་སྒྲུབ་རྒྱུའི་སེམས་ཐག་བཅད་པ་དང་མཉམ་དུ། ཁོང་ཚོས་རང་རྒྱུད་ཀྱི་ཤེས་བྱའི་མཁྱེན་རྒྱ་ཡངས་པོར་བསྐྱེད་དེ་བྱིས་པ་རྣམས་ཀྱི་ཤེས་བྱའི་མཁོ་འདོད་ཚིམས་པར་བྱེད་བཞིན་མཆིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།