རྡོ་རྗེ་བརྟན་མི་རིགས་ལས་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:དཔལ་དོན། ཡོང་ཁུངས།:བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2011-06-11 11:42:00 ཀློག་གྲངས།:

        རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་འདི་ཉིད་མི་རིགས་སློབ་གསོའི་ལས་དོན་ལ་ཐུགས་སེམས་མཆོག་ཏུ་དཀར་བའི་གཞི་ཆེན་མཆོག་སྤྲུལ་ཐུབ་ཡེ་ཤིས་མའམ་སྤྲུལ་རྡོ་རྗེ་བརྟན་ཚང་གིས་མགོ་ལོག་ཨ་སྐྱོང་ཁང་སར་སྨིན་ཐང་ས་གནས་སུ་སློབ་འབྲིང་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཐུགས་བཞེད་ལྟར་སྤྱི་ལོ་ཉིས་སྟོང་བདུན་ལོ་ནས་བཟུང་འབྲེལ་ཡོད་ལས་ཁུངས་དང་ཁྱད་པར་དུ་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ལ་ཡར་ཞུ་རབ་དང་རིམ་པ་བརྒྱུད་མཐར་མགོ་ལོག་ཁུལ་གྱིས་སྤྱི་ལོ་ཉིས་སྟོང་བདུན་ལོའི་ཡིག་ཨང་༡༦༠ཅན་གྱི་ཆོག་མཆན་ལྟར་རྨ་ཡིལ་སྨིན་མོའི་མཁས་གྲུབ་སྐྱེས་བསུ་ཐང་དུ་ལས་མགོ་བཟུང་སྟེ་ལོ་ངོ་གསུམ་རིང་སློབ་གླིང་ཕྱི་ནང་གཉིས་ཆར་ཕུན་ཚོགས་པ་ཞིག་ལེགས་འགྲུབ་བྱུང་། ཕྱིར་སློབ་གྲྭའི་བདག་ཐོབ་ཀྱི་ས་ཆར་རྨི་༩༤༠༠༠འཛུགས་བསྐྲུན་གྱི་སའི་རྒྱ་ཁྱོན་ལ་རྨི་༥༣༥༥ཅན་གྱི་སློབ་གླིང་གསར་བ་ཞིག་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་ལོའི་བོད་ཟླ་བདུན་པའི་ཚེས་དགུ་དང་སྤྱི་ལོ་ཉིས་སྟོང་བཅུ་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་མགོ་ལོག་རང་གི་ས་གནས་ཀྱི་རྫོང་ཁག་དྲུག་གི་སློབ་མིའི་གཞི་རྩ་བྱས་ཐོག་རྔ་བ་དང་ཁྱུང་མཆུ་རྨ་ཆུ་སོགས་ནས་དམའ་འབྲིང་མཐར་ཕྱིན་གྱི་སློབ་མ་བརྒྱ་ཕྲག་སོགས་དང་ས་ཕྱོགས་སོ་སོ་ནས་ཆེད་དུ་གདན་ཞུའི་ཆེད་མཁས་དགེ་རྒན་དང་ལས་བཟོ་བ་མི་གྲངས་ཉི་ཤུ་ཙམ་གྱིས་གྲུབ་པའི་སློབ་གླིང་གསར་བ་དངོས་སུ་མགོ་ཚུགས་པའི་མཛད་སྒོ་ཟབ་རྒྱས་ངང་བསྡུས།སློབ་གྲྭ་འདིའི་སློབ་གསོའི་རྨང་གཞི་ནི་དུས་རབས་ཀྱི་འགྲོས་དང་མཐུན་པའི་འོག་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་གཞི་རྐང་བོད་རང་གི་སྐད་ཡིག་ཡིན་པའི་སུམ་རྟགས་དག་གསུམ་རྩིས་དཀར་ནག་སྙན་ངག་བོད་ཀྱི་ལོ་རྒྱུས་སྒྲ་ཚད་མ་གཞན་ཡང་དབྱིན་ཡིག་དང་རྒྱ་ཡིག་གྲངས་རིག་རྩིས་འཁོེར་བཅས་ཡོད།ཆེད་སྦྱོང་བཞི་རུ་བསྒོས་ཡོད།གསོ་རིག་སྨན་པའི་ཆེད་སྦྱོང་།མཛེས་རྩལ་རི་མོའི་ཆེད་སྦྱོང་།རྒྱན་གོས་བཟོ་རིག་ཆེད་སྦྱོང་། ཟློས་གར་གླུ་བྲོའི་ཆེད་སྦྱོང་བཅས་ལེགས་པོའི་རྩ་འཛུག་གིས་དབུ་ཁྲིད་ མཛད་དེ་སློབ་གླིང་འདིས་བོད་ཀྱི་རིག་གཞུང་བཟང་པོ་རྣམས་དར་ སྤེལ་དང་རྒྱུད་འཛིན་བྱེད་རྒྱུ།དེང་རབས་ཚན་རྩལ་གྱི་རོ་བཅུད་ལེགས་ཤོས་དག་ལ་བློ་མིག་ཡང་པོས་སྦྱང་བརྡར་བྱས་སྟེ་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་མ་ལག་ཅིག་ཁ་བ་གངས་ཀྱི་ཞིང་ལ་བསྐྲུན་པའི་རེ་འདུན་བཅས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།