བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭ།

རྩོམ་པ་པོ།:སྨིན་དབུས་པོ། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-02-21 15:16:00 ཀློག་གྲངས།:


སློབ་མ་རྣམས་ལྷན་གྱིས་པར་བརྒྱབ་པ།


མར་བ་ལོ་ཙཱ་བ།

            བོད་ཀྱི་མཛེས་རྩལ་ཆེད་གཉེར་གྱི་སློབ་གྲྭ་འདི་མདོ་ཁམས་ཨ་མདོ་ནས་སྐུ་འཁྲུངས་པའི་བོད་ཀྱི་ལྷ་རིས་ཐིགས་ཆ་ཚད་ལ་ཆེད་མཁས་པ་ཨ་མདོ་བྱམས་པ་ལགས་བཞེད་དགོངས་ལྟར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གཙང་རས་ལམ་དུ་སྒེར་གཉེར་བྱས་པའི་སློབ་གྲྭ་ཞིག་ཡིན།


གནོད་སྦྱིན་ཙིའུ་དམར་གྱི་ཞལ་རས།


སྤྲོ་སྐྱིད་ཀྱི་རྣམ་པ།

            སྤྱིར་བོད་ཀྱི་སྲོལ་རྒྱུན་ཐང་གའི་རི་མོའི་འབྲི་སྲོལ་རྣམ་གྲངས་ལ།      སྨན་ལུགས།   མཁྱེན་ལུགས།  སྒར་ལུགས།  སྨན་གསར།  སྒར་གསར།  འབྲི་ལུགས།  ཨེ་བྲིས།  ཁམས་བྲིས་སོགས་ཡོད་པའི་ནང་ནས་དུས་རབས་ཉི་ཤུ་པའི་སྐབས་ཀྱི《ཨ་དོ་བྱམས་པའི་ལུགས》ཞེས་པའི་རི་མོ་གསར་གཏོད་པ་རྒན་བྱམས་པ་ལགས་ཀྱི་རི་མོ་ནི་པར་རྒྱབ་པ་དང་ཁྱད་པར་མེད་པ་བྲིས་པས་གང་སར་སྐད་གྲགས་ཁྱབ་ཡོད།   བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐིགས་དང་ཆ་ཚད་གཞིར་བཞག་སྟེ།    རང་གིས་རི་མོའི་ཁྱད་ཆོས་དམིགས་གསལ་ཅན་ཞིག་གསར་སྤེལ་གནང་བར་བརྟེན་བོད་ཀྱི་རི་མོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐུལ་མ་ཤུགས་ཆེན་ཐེབས་ཡོད། 


སློབ་མ་ཚོས་བོད་ཀྱི་ཐང་སྐུ་སོགས་རི་མོ་སྒྱུ་རྩལ་འབྲི་བཞིན་པ།

            སྤྱི་ལོ1999ལོར་གསར་དུ་བཙུགས་པའི་སློབ་གྲྭ་དེ་ཉིད་ད་ལྟ་ཡང་འཐོར་ཞིག་མེད་པར་གནས་ཡོད། སྤྱི་ལོ2002ལོར་ཁོང་སྐུ་གཤེགས་རྗེས།  ཁོང་གིས་སློབ་བུ་ཤུལ་ལུས་ནང་ནས་མཆོག་ཏུ་གྱུར་བའི་རྒན་སྤེན་པ་ཚེ་རིང་མཆོག་གིས་སྒེར་སེམས་མེད་པའི་སྒོ་ནས། སྤྱིར་རང་མི་རིགས་ཀྱི་རིག་གནས་དང་། སྒོས་སུ་རྒན་བྱམས་པ་ལགས་ཀྱི་ཕྱག་རྒྱུན་འདི་ཉིད་བསྲེ་སླད་མེད་པའི་སྒོ་ནས་མ་ཉམས་གོང་སྤེལ་དང༌།  ཉམས་པ་སླར་གསོའི་ཐད།   སྔ་རྗེས་སུ་སློབ་མ་འགའ་ཞིག་ལ་སློབ་ཐོན་ལག་ཁྱེར་གནང་བ་དང༌།  ད་ལྟའང་རྒྱ་རིགས་དང་བོད་རིགས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་མདོ་དབུས་ཁམས་གསུམ་གྱི་སློབ་མ་སུམ་ཅུ་ལ་ཉེ་བ་བསྡུས་ཏེ་སློབ་གྲྭ་འདི་སྐྱོང་བཞིན་ཡོད།  
            གསོན་ཉམས་ལྡན་པའི་དངོས་བྲིས་ཀྱི་རི་མོ་ཁྱད་པར་ཅན།   ཚར་དུ་དངར་བ་ཞིག་ཡོད་པ་ནི་བྱམས་པ་ལགས་ཀྱིས་ཕྱག་རྩོམ་ལས།  ཇི་སྐད་དུ།  ངས་བྲིས་པའི་རི་མོ་འདི་ནི་ཤར་ཕྱོགས་ཀྱི་རི་མོའི་ཉམས་འགྱུར་མེད་ལ། ནུབ་ཕྱོགས་ཀྱི་རི་མོའི་ཉམས་འགྱུར་དེ་བས་ཀྱང་མེད།འདི་ནི་ངའི་ཉམས་མྱོང་དང་བསམ་བློ་ལས་བྱུང་བ་ཞིག་ཡིན་ཞེས་པ་ལྟར་ན། རི་མོ་འདི་ནི་དམིགས་གསལ་རང་བཞིན་གྱི་གསར་གཏོད་ཀྱི་རྣམ་པ་ཞིག་ཡོད་པ་ཁོང་གིས་རྩོམ་ཡིག་ལས་གསལ་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།