མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཐོག་ཁང་།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་ནི་1959ལོར་བཙུགས། སྔ་ཕྱིར་སློབ་གསོ་དང་། ཚན་རིག་ཞིབ་འཇུག སྲིད་འཛིན་དོ་དམ། རིག་གནས་དྲིལ་སྒྲོག་ལས་ཁུངས་བཅས་ལ་ཤེས་ལྡན་མི་སྣ་བཞི་སྟོང་ལྷག་གསོ་སྐྱོང་གནང་སྟེ། མཚོ་སྔོན་མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོའི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ཕྱོགས་སུ་བྱས་རྗེས་མི་དམན་པ་བཞག སྡེ་ཁག་འདི་ལོ་ངོ་ལྔ་བཅུའི་འཕེལ་རྒྱས་བརྒྱུད་ནས་ད་ལྟ་ཆེད་སྦྱོང་སློབ་གསོ་དང་། དངོས་གཞི་སློབ་གསོ། ཞིབ་འཇུག་སློབ་མའི་སློབ་གསོ་བཅས་རིམ་དུ་མ་འཛོམས་པའི་བོད་རིགས་ཀྱི་མཐོ་སློབ་གསོའི་མ་ལག་ཅིག་ཆགས་ཡོད། 1981ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རབ་འབྱམས་པའི་བསླབ་གནས་གནང་དབང་ཐོབ།1995ལོར་ཞིང་ཆེན་རིམ་པའི་གཙོ་གནད་སྡེ་ཁག་ཏུ་བདམས་ཐོན་བྱུང་།1997ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་རྒྱལ་ཡོངས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ཆེད་ལས་ཀྱི་རང་སྦྱོང་རྒྱུགས་ལེན་སྡེ་ཁག་ཏུ་ཆོག་མཆན་གནངས། 2002ལོར་པོ་ཧྲི་སློབ་མ་གསོ་སྐྱོང་གནང་དབང་ཐོབ་ཅིང་།2003ལོར་ཆོས་ལུགས་རིག་པའི་བསླབ་གནས་གནང་དབང་ཡང་ཐོབ། ད་ལྟ་སྡེ་ཁག་འདིར་བོད་ཀྱི་རྩོམ་རིག་དང་། བརྡ་སྤྲོད། ཡིག་བསྒྱུར།རྩོམ་འཇུག་བཅས་ཁྲིད་དཔྱོད་ཁང་བཞི་དང་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཞེས་འབོད་པའི་ཞིབ་འཇུག་ཁང་གཅིག་ཡོད།དངོས་གཞི་སློབ་མ་400ལྷག་དང་ཞིབ་འཇུག་སློབ་མ་20ལྷག་ཡོད། 2008ལོར་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ལ་རྒྱལ་ཁབ་རིམ་པའི་སློབ་གསོའི་སྡེ་ཁག་གི་མཚན་སྙན་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com