ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང༌།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང༌། དུས་ཚོད།:2009-02-19 11:29:13 ཀློག་གྲངས།:

   

    ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་ནི་བིས་མདོ་ཞང་ར་གཤོང་སྡེ་བ་རུ་བཙུགས་ཡོད། སློབ་གྲྭའི་རྒྱ་ཁྱོན་མུའུ༣༥དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༤༣༩༣ཡོད། སློབ་གྲྭ་འདི་སྔར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྐུ་དངོས་སུ་ཐུགས་ཁུར་མཛད་འོག་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང༌། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས།   ༡༩༨༥ལོར་བཙུགས་ཤིང༌།སྐད་གཉིསསློབ་ཁྲིད་བྱེད་པའི་བཅའ་སྡོད་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན། ད་ལྟ་འཛིན་གྲྭ༡༤དང་སློབ་མ༦༤༠ཡོད་པ་དང༌།  མཚོ་ཤར་ས་ཁུལ་དུ་གནས་པའི་གཞི་ཁྱོན་ཆེས་ཆེ་བའི་བོད་ཡིག་ཆེད་སྦྱོང་སློབ་འབྲིང་ཞིག་ཡིན།

    སློབ་གྲྭ་འདི་བཙུགས་པ་ནས་བཟུང༌། སྒོ་ཀུན་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐིལ་ཕྱིན་དང་ཡང་དག་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད།   དེར་མ་ཟདརྨང་གཞི་ལེགས་པོར་འདིང་བ་དང་ཕུལ་བྱུང་ཅན་བརྩོན་ལེན་བྱ་དགོསཔའི་དམིགས་ཚད་གཏན་ཁེལ་བྱས་པ་དང༌། སྔར་ལས་ལྷག་པརདམངས་གཙོ་དང༌། ད་ལྡན།  བདེན་འཚོལ། གསར་སྐྲུན།བཅས་ཀྱི་སློབ་གྲྭ་བདག་གཉེར་དོ་དམ་གྱི་རྩ་དོན་ཇེ་གསལ་དུ་བཏང༌། ཉེ་བའི་ལོ་འགའི་རིང་ལ། སློབ་གྲྭས་བདག་གཉེར་དོ་དམ་དང་དགེ་རྒན་དཔུང་ཁག་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་ཆབས་ཅིག  སྤུས་ཚད་སློབ་གསོ་སྒོ་ཀུན་ནས་སྐུལ་སྤེལ་བཏང་ནས། སློབ་སྒྲུབ་ཀྱི་གཞི་ཁྱོན་རིམ་བཞིན་ཇེ་ཆེ་དང་ཆ་རྐྱེན་ཇེ་བཟང༌།  སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་གོམ་པ་བརྟན་པོའི་ངང་མཐོར་འདེགས་སུ་གཏོང་བཞིན་ཡོད།  ༡༩༨༨ལོའི་ཚུན་ལ། སློབ་གྲྭ་འདིས་ཆེད་སྦྱོང་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆེན་མོ་སོ་སོར་ཚད་མཐུན་གྱི་སློབ་མ༩༦༥བསྐྱལ་ཞིང༌།  མཐོ་རིམ་སློབ་གྲྭའི་འཕར་ཚད་ནི་ཞིང་ཆེན་ཡོངས་ཀྱིསྐད་གཉིསསློབ་ཁྲིད་ཁྲོད་ཨང་དང་པོའི་གྲས་སུ་བསླེབས་ཡོད་ཅིང༌། སྤྱི་ཚོགས་ལ་ཚད་མཐུན་གྱི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ༢༢༥༢སྐྱེད་སྲིང་བྱས།   མདོར་ན་སློབ་གྲྭ་འདིར་ཞིང་ཆེན་དང་ཁུལ། རྫོང་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་གཟེངས་བསྟོད་གནང་བས་མཚོ་ཤར་ས་ཁུལ་གྱི་མི་རིགས་སློབ་གསོའི་མེ་ཏོག་ཅིག་ཡིནཞེས་པའི་མཚན་སྙན་ཐོབ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།