མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་རྡོ་སྦིས་སློབ་ཁུལ་གྱི་གནས་ཚུལ་མདོར་བསྡུས།
མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་རྡོ་སྦིས་བོད་རིགས་ཞང་ནི་ཟི་ལིང་ནས་སྤྱི་ལེ༢༠༠ལྷག་ཡོད་པའི་གནས་སུ་ཆགས་ཡོད་ལ། ཞང་དེའི་སློབ་ཁུལ་དུ་དམའ་རིམ་སློབ་འབྲིང༡དང་ཆ་ཚང་སློང་ཆུང༧ཡོད་ལ། དམའ་རིམ་སློབ་ཆུང༡༤ཡོད། སློབ་འབྲིང་སློབ་མ༣༨༩ཡོད་པ་དང་སློབ་ཆུང་སློབ་མ༡༣༦༩ཡོད། སློབ་ཁུལ་ཡོངས་ལ་དགེ་རྒན༡༣༨ཡོད་པ་ལས། སློབ་འབྲིང་དགེ་རྒན༣༢ཡོད་པ་དང་སློབ་ཆུང་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ཚད་ཐིག་ལ་སླེབས་ཚད༡༠༠﹪ཡིན་པ་དང་སློབ་འབྲིང་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ཚད་ཐིག་ལ་སླེབས་ཚད༩༨﹪ཡིན།
རྡོ་སྦིས་ཞང་སློབ་ཨུས་ཏང་གི་སློབ་གསོའི་བྱེད་ཕྱོགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དམངས་གཙོས་ཇུས་ཐག་གཅོད་པ་དང་ཚན་རིག་དང་མཐུན་པར་བདག་གཉེར་དོ་དམ་བྱེད་པ། ཕྱོགས་ཡོངས་ནས་མི་རྩ་གཞིར་འཛིན་པའི་དགོངས་དོན་ལྟར། སློབ་སྒྲུབ་ཀྱི་ཆ་རྐྱེན་སྟོབས་ཤུགས་ཆེན་པོས་ལེགས་བཅོས་དང“ཕལ་ཆེར་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པ་བཅས་ཀྱི་ཕྱོགས་སུ་འབྲས་བུ་མངོན་གསལ་བླངས།
ཉེ་བའི་ལོ་འགའི་རིང་ལ། ཞང་སློབ་ཨུས་ཕྱོགས་གང་མང་གི་ལས་གཞི་བརྩོན་ལེན་བྱས་པ་བརྒྱུད་ནས། ཧུར་བརྩོན་སྒོས་མ་དངུལ་བསྡུས་ཏེ་སློབ་ཤག་རྨིད་གྲུ་བཞི་མ༢༡༨༦གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་དང་། རྩིས་འཁོར་ཁང་དང་དཔེ་མཛོད་ཁང་། རྒྱང་ཁྲིད་སློབ་གསོའི་ས་ངོས་འཁོར་སྐར་གྱི་བརྡ་རྟགས་སྡུད་ལེན་ས་ཚིགས༨དངDVDའོད་སྡེར་སྟོན་གནས༦བཅས་གསར་སྐྲུན་བྱས་པས་སློབ་རའི་རིག་གནས་འཛུགས་སྐྲུན་ལ་འགྲུབ་འབྲས་མངོན་གསལ་བླངས། མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་ལྗོན་པའི་བསིལ་གྲིབ་ཀྱིས་ཀུན་ནས་གཡོགས་པའི་སློབ་རའི་ནང་དུ་སློབ་གྲྭའི་རྒྱང་སྒྲོག་གི་དབྱངས་སྙན་ལྷང་ལྷང་དུ་གྲགས་ཤིང་། རིག་གནས་ཀྱི་འདབ་བརྒྱ་ལྷུག་པོར་གྲོལ་ཏེ་རེ་བའི་དྲི་བསུང་སྟུག་པོས་ཀུན་ནས་ཁེངས་ཡོད།
སློབ་གྲྭའི་བདག་གཉེར་དོ་དམ་དང་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱེད་པ། ལས་གནས་སྦྱོང་བརྡར་བྱེད་པ། རིགས་སོ་སོའི་སློབ་ཁྲིད་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ། གསར་གཏོད་བྱེད་པར་སྐུལ་སློང་བྱེད་པ་བཅས་ལ་ཤུགས་སྣོན་པ་བརྒྱུད་ནས་ན་གཞོན་དགེ་རྒན་ཁག་ཅིག་འབུར་དུ་ཐོན་པ་དང་རིམ་བཞིན་སློབ་ཁྲིད་ཀྱི་རྐང་འཛིན་མི་སྣར་གྱུར། སློབ་གྲྭ་སོ་སོས་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་བྱས་ཏེ་སློབ་ཁྲིད་དང་ཁོར་ཡུག སྲི་ཞུ་བཅས་ཀྱིས་སློབ་མ་བསྐྱངས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོར་གོང་དུ་སྤེལ། སྔ་གཞུག་ཏུ་ཞུན་ཧྭ་རྫོང་གི“སྔོན་ཐོན་ཐུན་མོང”དང“ཡ་རབས་ཚུལ་ལྡན་གྱི་ལས་ཁུངས།” “གཞི་རིམ་ཏང་གི་རྩ་འཛུགས་སྔོན་ཐོན”བཅས་ཀྱི་མཚན་སྙན་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com