མཚོ་སྔོན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་སྐོར་གྱི་ཨང་དང་པོར་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་
རྒྱུགས་འབྲས་གཡུར་དུ་ཟ་བའི་སློབ་མ་དག
2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་གཡུར་དུ་ཟ་བའི་སློབ་མར་ཁ་བཏགས་འཐེན་པ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་
རྒྱུགས་འབྲས་གཡུར་དུ་ཟ་བའི་སློབ་མར་བྱ་དགའ་གནང་བ།
སློབ་མས་དགེ་རྒན་རྣམས་ལ་ཁ་བཏགས་འབུལ་བ།
2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་
སློབ་མ་རྡོ་རྗེ་སྐྱིད་ཆུང་བས་དགེ་རྒན་རྣམས་ལ་ཁ་བཏགས་འབུལ་བ།
2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་ཨང་བཞི་བ་ལེན་མཁན་
སློབ་མ་རྡོ་རྗེ་སྐྱིད་ཆེ་བས་དགེ་རྒན་རྣམས་ལ་ཁ་བཏགས་འབུལ་བ།
2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་
སློབ་མ་རྡོ་རྗེ་སྐྱིད་ཆུང་བས་མྱོང་ཚོར་བརྗོད་པ།
སྤྱི་ཟླ6པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས2016ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོའི་སློབ་མར་བྱ་དགའ་གནང་བའི་མཛད་སྒོ་བསྡུས་ཤིང་། ཁུལ་སློབ་གསོ་ཅུའུ་དང་སློབ་གྲྭའི་དགེ་སློབ་ཀུན་མཛད་སྒོར་ཞུགས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི2016ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་སློབ་མ་རྡོ་རྗེ་སྐྱིད(ཆུང་བ)ཀྱི་སྐར་གྲངས535དང་། ཨང་བཞི་བ་ལེན་མཁན་རྡོ་རྗེ་སྐྱིད(ཆེ་བ)ཀྱི་སྐར་གྲངས510། ཨང་བདུན་པ་ལེན་མཁན་རྟ་མགྲིན་རྒྱལ་གྱི་སྐར་གྲངས499། ཨང་བརྒྱད་པ་ལེན་མཁན་དཔལ་ཆེན་གྱི་སྐར་གྲངས497། ཨང་དགུ་བ་ལེན་མཁན་ཨོ་རྒྱན་ཚེ་རིང་གི་སྐར་གྲངས496བཅས་ཡིན། དེར་མ་ཟད་སློབ་གྲོགས་དབང་ཆེན་རྒྱལ་དང་འཕགས་མོ་སྒྲོལ་མ། ལྷ་མོ་ཚེ་བརྟན་བཅས་ཀྱིས་འདྲ་མཉམ་ཨང་བཅུ་གཅིག་པ་སྟེ་སྐར་གྲངས484བླངས་པ་རེད།
ཐོག་མར་མཚོ་ལྷོ་ཁུལ་སློབ་གསོ་ཅུའི་འགོ་ཁྲིད་དང་སློབ་གཙོས་གསུང་བཤད་གནང་རྗེས། 2016ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་གཡུར་དུ་ཟ་བའི་སློབ་མ་རྣམས་ལ་བྱ་དགའ་གནང་བ་སྟེ། ཨང་དང་པོར་བྱ་དགའ་སྒོར10000དང་། ཨང་བཞི་བ་དང་བདུན་པ། བརྒྱད་པ། དགུ་བ་བཅས་སོ་སོར་སྒོར2000རེ་གནང།
དེར་མཐུད་དེ་བོད་ཡིག་རྩིས་ཚན་གྱི་རྒྱུགས་འབྲས་ལེགས་པའི་སློབ་མ་འདི་དག་གིས་གུས་ཤིང་བརྩེ་བའི་དགེ་རྒན་རྣམས་ལ་དྲིན་ཆེ་བའི་ཁ་བཏགས་ཕུལ་རྗེས། སློབ་མ་རྡོ་རྗེ་སྐྱིད་ཀྱིས་ཁོ་ཚོའི་ཚབ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་དང་། དགེ་རྒན་དང་སློབ་གྲྭར་བཀའ་དྲིན་ཆེ་བར་བརྗོད་ཅིང་། རྗེས་ཕྱོགས་ཀྱང་མུ་མཐུད་དུ་སློབ་སྦྱོང་དང་ཕྱོགས་གང་ཐད་ནས་འབད་པ་ཆེར་བསྐྱེད་བྱ་རྒྱུ་ཡིན་པ་བསྟན།
རྒྱུས་ལོན་པ་ལྟར་ན། རྡོ་རྗེ་སྐྱིད་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནས་མཐར་ཕྱིན་ཞིང་ཕ་ཡུལ་མཚོ་ལྷོ་ཁུལ་མང་རྫོང་རེད། མོ་ནི་ཆུང་དུས་ནས་སློབ་སྦྱོང་སོགས་གང་ཅིའི་ཐད་ནས་ནན་ཏན་ཅན་ཞིག་ཡིན་ཞིང་། སློབ་སྦྱོང་ཐད་ནས་སྔོན་སྦྱོང་དང་། སློབ་ཁྲིད་དངོས། བསྐྱར་སྦྱོང་བཅས་ལ་ཏན་ཏིག་བྱེད་པ་དང་། རྒན་བཀུར་སློབ་བྱམས་ཀྱི་སློབ་བུ་བཟང་བོ་ཞིག་རེད།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི2016ལོའི་མཐར་ཕྱིན་སློབ་མ་བསྡོམས་པས823དང་། དེ་ལས་རིག་ཚན་སྐོར་གྱི་སློབ་མ499དང་རྩིས་ཚན་སྐོར་གྱི་སློབ་མ324ཡོད།
ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི་རྩིས་ཚན་ཐད། རྩིས་ཚན་གྱི་དངོས་གཞི་དང་པོའི་སློབ་བསྡུའི་མི་གྲངས17དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ8དེ། སློབ་བསྡུ་མི་གྲངས་ཀྱི47.06%ཟིན། རྩིས་ཚན་གྱི་དངོས་གཞི་གཉིས་པའི་སློབ་བསྡུའི་མི་གྲངས252དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ114སྟེ། སློབ་བསྡུ་མི་གྲངས་ཀྱི45.24%ཟིན། གྲ་སྒྲིག་དངོས་གཞིའི་སློབ་བསྡུ་མི་གྲངས550དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ140སྟེ། སློབ་བསྡུ་མི་གྲངས་ཀྱི25.45%ཟིན།
ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི་རིག་ཚན་ཐད། རིག་ཚན་གྱི་དངོས་གཞི་དང་པོའི་སློབ་བསྡུའི་མི་གྲངས25དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ3ཏེ། སློབ་བསྡུ་མི་གྲངས་ཀྱི12%ཟིན། རིག་ཚན་གྱི་དངོས་གཞི་གཉིས་པའི་སློབ་བསྡུའི་མི་གྲངས262དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ127སྟེ། སློབ་བསྡུ་མི་གྲངས་ཀྱི48.47%ཟིན། གྲ་སྒྲིག་དངོས་གཞིའི་སློབ་བསྡུ་མི་གྲངས200དང་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་སློབ་གྲྭ་འདིའི་སློབ་མ43ཏེ། སློབ་བསྡུ་མི་གྲངས་ཀྱི21.5%ཟིན།
མི་རིགས་སློབ་མས་རྒྱའི་སློབ་གྲྭར་རྒྱུགས་སྤྲོད་རྩིས་རྒྱག་ལྟར་ན། རིག་ཚན་དང་རྩིས་ཚན་གཉིས་ཀྱི་སྐར་གྲངས་ཚད་གཞི་ལ་ཐོན་ཚད100%ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com