མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས་པ།
དཔེ་ཀློག་ཚོགས་པའི་ཕྱུག་སྐྱོང་ཐར་དང་ཆོས་མོ་མཚོ་གཉིས་ཀྱིས་མདོ་འཛིན་བྱེད་གྱིན་པ།
སློབ་མས་དཔེ་ཀློག་གི་མྱོང་བ་བཤད་པ།
མཉམ་པར།
སྤྱི་ཟླ4བའི་ཚེས23ཉིན་ཏེ། འཛམ་གླིང་དཔེ་ཀློག་ཉིན་མོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་དཔེ་ཀློག་ནི་འཚོ་བ་ཡིན་ཞེས་པའི་བྱ་འགུལ་སྤེལ།
བྱ་འགུལ་འདི་ནི་སློབ་གྲྭའི་དཔེ་ཀློག་ཚོགས་པས་འཛམ་གླིང་དཔེ་ཀློག་ཉིན་མོར་སློབ་གྲོགས་རྣམས་ཀྱི་དཔེ་ཀློག་གི་འདུན་པ་ཇེ་ཆེ་དང་། དཔེ་ཀློག་གི་དགོས་གལ་རང་བཞིན་ཤེས་རྟོགས་བྱ་རྒྱུ། སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་བཅས་དགེ་མཚན་དུ་མར་དམིགས་ནས་སྤེལ་བ་ཡིན་ལ། འདི་ནི་སློབ་གྲྭའི་དཔེ་ཀློག་གི་རྣམ་པ་རྒྱ་ཆེ་བའི་བྱ་འགུལ་ཐེངས་དང་པོ་ཡིན།
ཐེངས་འདིའི་བྱ་འགུལ་དུ་སློབ་གཙོ་གཞོན་པ་གཙུག་འབུམ་ཚེ་རིང་གིས་ཐོག་མའི་ཤིས་ཚིག་ཕུལ་བ་དང་། དགེ་རྒན་དག་གིས་དཔེ་ཀློག་བྱེད་པའི་དགོས་པ་དང་། དཔེ་ཀློག་ཇི་ལྟར་བྱེད་དགོས་ཚུལ། དཔེ་ཆ་འདེམས་རྒྱུ་བཅས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནངས། སློབ་བུ་དག་གིས་དཔེ་ཀློག་གི་དགོས་པའི་སྐོར་གྱི་གར་ཆུང་འཁྲབ་སྟོན་དང་། དཔེ་ཀློག་གི་མྱོང་བ་བཤད་པ། དཔེ་ཀློག་གི་གལ་ཆེན་རང་བཞིན་སྐོར་གྱི་བརྩམས་ཆོས་སྒྲོག་སྦྱོང་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com