ཁྲི་ཀ་བཅའ་སྡོད་སློབ་གྲྭས་ངའི་སེམས་ཁོང་གི་དགེ་རྒན་བཟང་པོ་ཞེས་པའི་འཁྲབ་བཤད་འགྲན་བསྡུར་ཞིག་སྤེལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-28 10:04:00 ཀློག་གྲངས།:

ཁྲི་ཀ་བཅའ་སྡོད་སློབ་གྲྭས་ངའི་སེམས་ཁོང་གི་དགེ་རྒན་བཟང་པོ་ཞེས་པའི་འཁྲབ་བཤད་འགྲན་བསྡུར་ཞིག་སྤེལ་བ།
ཁྲི་ཀ་བཅའ་སྡོད་སློབ་གྲྭས་ངའི་སེམས་ཁོང་གི་དགེ་རྒན་བཟང་པོ་ཞེས་པའི་འཁྲབ་བཤད་འགྲན་བསྡུར་སྤེལ།

     རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་དང་སློབ་མའི་རྒྱའི་སྤྱི་སྐད་ཀྱི་ཆུ་ཚད་ཇེ་མཐོར་འགྲོ་བ། དགེ་རྒན་ཚོའི་སྨྲ་ལྕེར་སྦྱོང་བརྡར་ཐོབ་པ།  སློབ་རའི་རིག་གནས་མཁའ་དབུགས་གསོན་ཉམས་ཅན་དུ་གཏོང་བ་བཅས་ལ་དམིགས་ཏེ། སྤྱི་ཟླ3པའི་ཚེས23ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་བཟོ་བའི་ཚོམས་ཁང་དུ《ངའི་སེམས་ཁོང་གི་དགེ་རྒན་བཟང་པོ》ཞེས་པའི་འཁྲབ་བཤད་འགྲན་བསྡུར་ཞིག་སྤེལ།
     རེབ་འདིའི་འཁྲབ་བཤད་འགྲན་བསྡུར་ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཆུང་རིམ་པ་དང་དམའ་འབྲིང་རིམ་པའི་རྒྱའི་སྐད་ཡིག་དགེ་རྒན32ཞུགས་ཤིང་། དགེ་རྒན་སོ་སོས་རང་རང་གི་འཇོན་ནུས་ངོ་མ་བོ་ངོམ་ཆེད་འཁྲད་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གཏན་ཚིགས་ཀྱིས་ཕྱུག་པ། བརྗོད་བྱ་འབུར་ཐོན་གྱི་སླད་དུ་རྒྱུ་ཆ་འཚོལ་སྡུད་བྱས་པའང་གནད་ལ་འཁེལ་ཡོད་པ་རེད།
     འཁྲབ་བཤད་ཀྱི་གོ་རིམ་ཁྲོད་དུ་དགེ་རྒན་སོ་སོས་ཕུགས་བསམ་ལ་ཡིད་ཆེས་ཀྱིས་ཁེངས་པ། ཀུན་སྤྱོད་ཚུལ་དང་མཐུན་པ། ཤེས་ཡོན་ལ་བརྩོན་པས་འཇུག་པ། བྱམས་བརྩེ་ཡིས་ཐུགས་རྒྱུད་ཕྱུག་པའི་ཆ་རྐྱེན་འཛོམས་པའི་འོག་ཏུ་དགེ་རྒན་བཟང་པོ་ཞིག་བཅའ་བའི་གནད་དོན་དག་དགེ་རྒན་རང་ཉིད་ཀྱིས་སློབ་གསོར་བཟུང་བའི་ལྟ་བ་དང་དངོས་ཡོད་སློབ་གསོ་བྱ་བའི་སྒྲུབ་ཐབས་ལ་གཞི་བཅོལ་ཏེ། དགེ་རྒན་གྱིས་མི་གཞི་གསོ་སྐྱོང་དང་མི་གཤིས་ལེགས་བཅོས། ཀུན་སྤྱོད་བསྒྱུར་བཅོས་སོགས་ཀྱི་ལམ་ནས་སྣེ་ཁྲིད་བཟང་པོ་བྱ་བའི་ལྟ་བ་དེ་དཔེ་ཁྲིད་གཤིས་སྐྱོང་གི་ནང་སྙིང་ལ་དཀྱུས་སུ་བཟུང་སྟེ་དེང་རབས་དགེ་རྒན་ཚོའི་བསམ་བློའི་དམིགས་ཚད་ཇེ་མཐོར་བཏང་སྟེ་དུས་རབས་དང་མཐུན་པའི་ཚུལ་ལྡན་དགེ་རྒན་ཇི་སྙེད་ཅིག་སྐྱེད་སྲིང་བྱེད་པར་བརྩོན་པ་བྱེད་དགོས་པ་བསྟན།
     འཁྲབ་བཤད་འགྲན་བསྡུར་གྱི་སྤྱིའི་ཆ་ནས་བལྟས་ན། དགེ་རྒན་རྣམ་པས་བརྩོན་སེམས་ལྷུར་ལེན་གྱིས་ཐོལ་བརྒལ་རང་བཞིན་གྱི་དགེ་རྒན་གསར་བའི་དཔུང་སྡེ་ཞིག་འཛུགས་སྒྲུབ་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན་པ་མ་ཟད། རང་ཉིད་ལས་རིགས་ལ་དགའ་ཞིང་སློབ་གསོར་དུངས་བའི་བརྩེ་བ་ལྷད་མེད་དེ་མ་བཅོས་སེམས་ཁོང་དུ་སྨིན་པ་རེད།
     མཇུག་མཐར། དཔྱད་འདེམ་པའི་འདྲ་མཉམ་དྲང་བཞག་གི་དཔྱད་བསྡུར་བརྒྱུད་དེ། སློབ་ཆུང་དང་དམའ་འབྲིང་རིམ་པ་ནས་ཨང་དང་པོ་གཅིག་རེ་དང་ཨང་གཉིས་པ་གསུམ་རེ། ཨང་གསུམ་པ་བཞི་རེ་བཅས་དགེ་རྒན་བཅུ་ཕྲག་ལྷག་ལ་བྱ་དགའ་རྟགས་མ་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།