མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་གིས་སློབ་རའི་ཕུལ་བྱུང་གླུ་བ་བཅུ་གདམ་པའི་འགྲན་སྡུར་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། དུས་ཚོད།:2016-03-15 10:36:00 ཀློག་གྲངས།:

མགོ་ལོག་ཁུལ་མི་རིགས་མཐོ་འབྲིང་གིས་སློབ་རའི་ཕུལ་བྱུང་གླུ་བ་བཅུ་གདམ་པའི་འགྲན་སྡུར་སྤེལ།

     སྤྱི་ཟླ3པའི་ཚེས12ཉིན་གྱི་དགོང་མོར། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་གུང་གཞོན་ཚོགས་པས་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སློབ་གྲྭའི་ཚོགས་ཆེན་འདུ་ཁང་དུ་སྐབས་གསུམ་པའི་སློབ་རའི་ཕུལ་བྱུང་གླུ་བ་བཅུ་གདམ་པའི་འགྲན་སྡུར་དགོང་ཚོགས་བསྡུས།
     སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ1600ལྷག་དུས་ལྟར་འགྲན་སྡུར་དགོང་ཚོགས་སྟེང་དུ་ཞུགས་པ་མ་ཟད། ཐེངས་འདིའི་འགྲན་སྡུར་དྲང་བདེན་དང་འདྲ་མཉམ་ཡོང་ཆེད། མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པའི་ཆེད་ལས་མི་སྣ་འགའ་གདན་འདྲེན་ཞུས་ནས་དཔྱད་འདེམས་གྱི་ལས་ལ་ཞུགས་ཤིང་། འགྲན་ཞུགས་གླུ་བ་སོ་སོས་ཀྱང་རང་ཉིད་ཀྱི་མོས་པ་ཁྱད་མཚར་ལྡན་པའི་དབྱངས་རྟ་སྙན་མོ་རེ་རེ་ལ་བརྟེན་ནས་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རྣམ་ཤེས་གསོན་པོ་ཞིག་འདིར་བཞུགས་ཀྱི་ལྟད་མོ་བའི་སྤྱན་སྔར་ཕུལ།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།