ཀན་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།
ཀན་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་གཙོས་གྲོང་ཁྱེར་དུ་བསྡུས་པ།
སྤྱི་ཟླ12པའི་ཚེས4ཉིན། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀན་ལྷོ་ཁུལ་སློབ་གསོ་ཅུས་ཀན་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་གཙོས་སློབ་འབྲིང་དང་པོ་རུ་བསྡུས་ཤིང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀན་ལྷོ་ཁུལ་སློབ་གསོ་ཅུའི་འབྲེལ་ཡོད་འགོ་ཁྲིད་དང་། གཙོས་གྲོང་ཁྱེར་སློབ་འབྲིང་དང་གཙོས་སློབ་འབྲིང་དང་པོ། ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་བཅས་ཀྱི་དགེ་སློབ200ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ་ཀན་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་མ་རྣམ་རྒྱལ་མཚོ་དང་གནོད་སྦྱིན་མཚོ། ལི་ཡཱན་ཕུན། མཱ་ཐཱན་སོགས་སློབ་མ4དང་། ཨང་གཉིས་པ་ཐོབ་མཁན་གྱི་སློབ་མ་སངས་རྒྱས་བཀྲ་ཤིས་དང་ཨོ་རྒྱན་ཚེ་བརྟན། སྒྲོལ་མ་སྐྱིད། ཅིང་ནན་སོགས་སློབ་མ8། ཨང་གསུམ་པ་ཐོབ་མཁན་གྱི་སློབ་མ་རྣམ་རྒྱལ་ཚེ་རིང་དང་སྐལ་ལྡན་མཚོ། ལི་ཡོའོ་སོགས་སློབ་མ12། དེ་མིན་རིན་ཆེན་སྒྲོལ་མ་དང་སངས་རྒྱས་བཀྲ་ཤིས་སོགས་ཕུལ་བྱུང་ཁྲིད་སྟོན་དགེ་རྒན23། རྨ་ཆུང་རྫོང་བོད་རིགས་སློབ་འབྲིང་དང་གཙོས་གྲོང་ཁྱེར་སློབ་འབྲིང་། ཅོ་ནེ་རྫོང་སློབ་རིགས་སློབ་འབྲིང་། ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་སོགས་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་བ་རེད།
ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་ལི་ཁྲིན་གྲོས་ཚོགས་སུ་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་། ཁོང་གིས་བཤད་རྒྱུར། ཐེངས་འདིའི་འགྲན་བསྡུར་ལ་ལེགས་ཆ་གསུམ་ལྡན་པ་སྟེ། གཅིག་ནས་རྩ་འཛུགས་ལེགས་པ། གཉིས་ནས་འགྲན་ཞུགས་པའི་རྩོམ་ཡིག་དངོས་གནས་ཡིད་ཚིམ་པ། གསུམ་ནས་གསར་སྐྱེས་ཀྱི་ཕུལ་བྱུང་རྩོམ་པ་པོ་འགའ་བྱུང་བ་བཅས་ཡིན། དེ་དང་ཆབས་ཅིག་ཁོང་གིས་རྒྱ་ཆེའི་འགྲན་ཞུགས་སློབ་མ་དང་བྱ་འགུལ་རྩ་འཛུགས་བྱེད་པའི་སྡེ་ཁག་ལ་རེ་བ་གཉིས་བཏོན་པ་སྟེ། གཅིག་ནི་རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་འཛམ་གླིང་ལ་དོ་སྣང་བྱེད་པ། གཉིས་ནས་རྩོམ་ཡིག་འགྲན་བསྡུར་ལེགས་པོར་སྤེལ་ཏེ་རྩོམ་འགྲན་གྱི་མཚན་རྟགས་བསྐྲུན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com