ལྷ་སས་ཡིག་གཟུགས་བརྐོ་འབྲིའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཐོག་མ་སྤེལ་བ།
ལྷ་སས་ཡིག་གཟུགས་བརྐོ་འབྲིའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཐོག་མ་སྤེལ་བ།
སྤྱི་ཟླ11པའི་ཚེས9ཉིན། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་སོགས་ཀྱི་ཚན་པས་གཙོ་གཉེར་གནང་བའི་ལྷ་ས་གྲོང་ཁྱེར་ཡིག་གཟུགས་བརྐོ་འབྲིའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཐོག་མ་དེ་བོད་རང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་མགོ་ཚུགས་པ་དང་འགྲེམ་སྟོན་དུས་ཚོད་ཟླ་འདིའི་སྤྱི་ཚེས15བར་སྤེལ་རྒྱུ་ཡིན།
ད་ཐེངས་ཀྱི་འགྲེམ་སྟོན་དེ་གཉེར་དོན་ནི་རིག་རྩལ་གསར་རྩོམ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ནས། ལྷ་སའི་གཞི་རིམ་གྱི་ཕུལ་བྱུང་ཡིག་གཟུགས་འབྲི་མཁན་འཚོལ་བརྙེད་དང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཁོ་ཚོའི་སྙིང་སྟོབས་མངོན་ཐུབ་པ་བྱེད་རྒྱུ་དེ་རེད། ད་ཐེངས་ཀྱི་འགྲེམ་སྟོན་ནང་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་ནས་ཡོང་བའི་ཡིག་གཟུགས་འབྲི་རྒྱུར་དགའ་པོ་ཡོད་མཁན་དང་། དེ་བཞིན་གཞི་རིམ་ཚན་པ་ཁག་གི་ལས་བྱེད་ལས་བཟོའི་ཁྲོད་གསར་རྩོམ་ནུས་པ་ཆེ་ཙམ་ལྡན་པའི་བོད་རྒྱ་ཡིག་གཟུགས་འབྲི་མཁན་དང་པར་བརྐོས་པ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས116འགྲེམས་སྟོན་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡན་ཧུང་ནས། ད་ཐེངས་འགྲེམ་སྟོན་གྱི་བརྩམས་ཆོས་ཁག་ལ་སྒྱུ་རྩལ་གྱི་ཉམས་ཁྱད་དུ་འཕགས་པ་དང་འབྲི་སྟངས་རྩལ་ནུས་རྩེར་སོན་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་ཀྱང་འདྲ་མིན་སྣ་ཚོགས་ཅུང་ཆ་ཚང་བར་མངོན་རྒྱུ་ཡོད་པས་ལྷ་སའི་དེང་སྐབས་ཡིག་གཟུགས་གསར་རྩོམ་གྱི་སྤྱི་ཡོངས་ཆུ་ཚད་བསྡུས་རིས་ཤིག་ཡིན་ཅེས་བཤད་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམ་སྟོན་གྱི་བརྩམས་ཆོས་གནད་བསྡུས་རྩོམ་སྒྲིག་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་སྔོན་དཔག་ལྟར་ན་སྤྱི་ཟླ12པའི་ནང་དངོས་སུ་དཔེ་སྐྲུན་བྱེད་འཆར་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com