ནག་ཆུ་བྱིས་སྐྱོང་ཁང་དང་པོས་བྱིས་པའི་བོད་སྐད་ཡིག་ཞེ་ཚིག་ངག་འདོན་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ཧོར་འབྲོག་པ་དབང་འདུས་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-28 10:52:00 ཀློག་གྲངས།:

ཧོར་འབྲོག་པ་དབང་འདུས་སྐྱབས།
ནག་ཆུ་བྱིས་སྐྱོང་ཁང་དང་པོས་བྱིས་པའི་བོད་སྐད་ཡིག་ཞེ་ཚིག་ངག་འདོན་འགྲན་བསྡུར་སྤེལ་བ།

     སྤྱི་ཟླ9བའི་ཚེས25ཉིན། ནག་ཆུ་ས་གནས་བྱིས་སྐྱོང་ཁང་དང་པོས་སྐབས་དང་པོའི་བྱིས་པའི་བོད་སྐད་ཡིག་ཞེ་ཚིག་ངག་འདོན་འགྲན་བསྡུར་དེ་ས་གནས་བྱིས་སྐྱོང་ཁང་དང་པོར་སྤེལ་བ་རེད།
     བྱེད་སྒོ་འདི་ནི་བྱིས་སྐྱོང་ཁང་འདི་ཉིད་དབུ་ཚུགས་ནས་སྤེལ་ཐེངས་དང་པོ་ཡིན་ཞིང་། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་སློབ་གྲྭ་འདིས་སྔར་ལས་ལྷག་པའི་སྒོ་ནས་སྐད་གཉིས་སློབ་གསོ་གོང་འཕེལ་གཏོང་བ་དང་། བོད་མི་རིགས་ཀྱི་གུས་ལུགས་དང་ཞེ་ཚིག་སོགས་རིག་གཞུང་རྒྱ་ཆེ་བ་དང་གཏིང་ཟབ་པ་དག་ཆུང་དུས་ནས་ཤེས་པ་དང་དོན་རྟོགས་པ་བྱ་ཕྱིར་དམིགས་སུ་བཀར་ནས་བྱེད་སྒོ་སྤེལ་བ་རེད།
     བྱེད་སྒོའི་ཁྲོད་དུ་ཁྱིམ་བདག་གིས་མི་རིགས་ཁྱད་ཆོས་ལྡན་པའི་རྩེད་མོ་སོགས་འཁྲབ་སྟོན་བྱས་ཏེ་སློབ་གྲྭ་དང་ཁྱིམ་བདག་བར་འབྲེལ་བ་དམ་དུ་གཏོང་བར་བརྒྱུད། ཡོད་ཚད་བྱིས་པའི་ཆེད་དུ་སློབ་གསོ་གཏོང་བ་ལ་གར་སྟེགས་གསར་པ་ཞིག་བསྐྲུན་ཡོད།  མཇུག་ཏུ་སློབ་གཙོས་བྱེད་སྒོ་འདི་སྤྱི་བསྡོམས་བྱས་ཤིང་མ་འོངས་པར་སློབ་གྲྭར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཅི་རིགས་སྤེལ་རྒྱུ་ཡིན་པ་དང་།  བྱེད་སྒོ་འདིར་རྒྱ་ཆེའི་ཁྱིམ་བདག་རྣམ་པས་གདེང་འཇོག་ལེགས་པོ་གནང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།