སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་བོད་རྒྱ་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་ལ་བྱ་དགའ་སྤྲད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2015-09-24 11:33:00 ཀློག་གྲངས།:

སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་བོད་རྒྱ་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་ལ་བྱ་དགའ་སྤྲད་པ།
སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་བོད་རྒྱ་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་ལ་བྱ་དགའ་གནང་།

     སྤྱི་ཟླ9པའི་ཚེས21ཉིན། སྐབས་དང་པོའི་གཟི་ཚ་སྡེ་དགུའི་བུམ་པ་རྟགས་ཅན་གྱི་ཀྲུང་གོའི་ནུབ་རྒྱུད་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའམ་བྱ་དགའ་ཐོབ་པའི་བརྩམས་ཆོས་བཤམས་སྟོན་གྱི་མགོ་ཚུགས་མཛད་སྒོ་དེ་གཟི་ཚ་སྡེ་དགུ་རྫོང་གི་གསར་ཁུལ་སྒྱུ་རྩལ་རིག་གནས་ཐང་ཆེན་དུ་སྤེལ།
     མགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དང་གཅེས་སེམས་ལྡན་པའི་ཁེ་ལས་ཀྱིས་རྔ་བ་ཁུལ་སློབ་གསོ་ཅུས་ལ་བོད་རྒྱ་སྐད་གཉིས་ཀྱི《སློབ་མའི་ལུགས་སྲོལ》ཞལ་འདེབས་ཕུལ་པའི་བྱེད་སྒོ་སྤེལ་བ་དང་། རྫོང་དེའི་ལས་ཁུངས་ཁག་གི་ལས་བྱེད་པ་དང་སློབ་གྲྭའི་དགེ་སློབ། གཞོན་ནུ་དང་བླངས་པ་དག་གིས་གནའ་བོའི་གསུང་རབ《སློབ་མའི་ལུགས་སྲོལ》ལ་དམིགས་ཏེ་མཉམ་དུ་བསྒྲིགས་འཁྲབ་བྱས་པའི་མི་རིགས་གླུ་གར་དང་། དེ་བཞིན《སློབ་མའི་ལུགས་སྲོལ》མཉམ་འདོན་དང་སྤུ་སྨྱུག་ཡིག་གཟུགས་བཤམས་སྟོན་སོགས་རིག་རྩལ་བྱེད་སྒོ་སྤེལ།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་ད་ལོའི་སྤྱི་ཟླ4བར་སྤེལ་མགོ་ཚུགས་ཤིང་། སྲ་སྨྱུག་དང་སྤུ་སྨྱུག་གི་བརྩམས་ཆོས4500ལྷག་བསྡུ་རུབ་བྱས། སྒྲིག་འཛུགས་ཨུ་ལྷན་གྱིས་བསྡོམས་པས་བརྩམས་ཆོས288འདེམས་བཀོད་བྱས་ཤིང་། སོ་སོར་ནར་སོན་ཚོགས་ཆུང་དང་ལོ་ཆུང་བྱིས་པའི་སློབ་ཆུང་ཚོགས་ཆུང་། ལོ་ཆུང་བྱིས་པའི་སློབ་འབྲིང་ཚོགས་ཆུང་གི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་པ་དང་། དེའི་ནང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མཁན26དང་། དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་མཁན60། ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་མཁན142ཡོད། ད་ཐེངས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་བཤམས་སྟོན་དུས་ཡུན་ཉིན10ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།