མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བོད་སྐད་ཡིག་བསླབ་དེབ་ཟློས་གར་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-19 09:09:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བོད་སྐད་ཡིག་བསླབ་དེབ་ཟློས་གར་འགྲན་བསྡུར་སྤེལ་བ།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བོད་སྐད་ཡིག་བསླབ་དེབ་ཟློས་གར་འགྲན་བསྡུར་སྤེལ་བ།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་བོད་སྐད་ཡིག་བསླབ་དེབ་ཟློས་གར་འགྲན་བསྡུར་སྤེལ་བ།


བྱ་དགའ་ཐོབ་པའི་སློབ་མ་སྐོར་ཞིག

     སྤྱི་ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་བོད་སྐད་ཡིག་བསླབ་དེབ་ཟློས་གར་འགྲན་བསྡུར་སྤེལ་ཞིང་། མཐོ་འབྲིང་གཉིས་པའི་སློབ་མའི་འཁྲབ་སྟོན་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི་དགེ་སློབ་ཀུན་གྱི་མིག་དབང་རབ་ཏུ་འཕྲོག
     ཐེངས་འདིའི་འགྲན་བསྡུར་གྱི་ཟློས་གར་ཁ་བྱང་ནི་མཐོ་འབྲིང་གི་བོད་སྐད་ཡིག་བསླབ་དེབ་ལས་དྲངས་པ་དང་། ནང་དོན་ཕལ་ཆེར་བསླབ་དེབ་གཞིར་བཟུང་བའམ་ཡང་ན་བསླབ་དེབ་ཀྱི་རྨང་གཞིའི་སྟེང་གསར་གཏོད་བྱས་ཆོག  འཛིན་གྲྭའི་འགྲན་ཞུགས་པ་སོ་སོས་གྲ་སྒྲིག་ལེགས་པོའི་ངང་ཟློས་གར་གདམ་གསེས་དང་བརྗོད་དོན་ཇུས་འགོད། མི་སྣའི་སེམས་ཁམས་བཅས་ཀྱི་ཐད་ནས་གསར་གཏོད་ཀྱི་རང་བཞིན་དོད་དགོས།
     ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་བོད་སྐད་ཡིག་ཕྱོགས་བསྡུས་ནུས་ཤུགས་མཐོར་འདེགས་དང་། སློབ་མས་བོད་རིགས་སྲོལ་རྒྱུན་རིག་གནས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དེ་ཡིན་ལ། བོད་སྐད་ཡིག་དང་འཚོ་བ་དང་། བོད་སྐད་ཡིག་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཇེ་དྲག་ཏུ་བཏང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།