ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚན་རིག་དཔེ་ཀློག་ལས་འགུལ་ཁྲི་ཀ་ནས་མགོ་བརྩམས།
དཔེ་ཀློག་བྱེད་བཞིན་པ།
ཉེ་སྔོན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། 《ཤེས་བྱ་ནི་སྟོབས་ཤུགས་ཡིན》ཞེས་པའི་དུས་དེབ་ཁང་དང་། བོད་ལྗོངས། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་པའི་ཚན་རྩལ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་ཏེ2015ལོའི་བོད་ཁུལ་ན་ཆུང་གཞོན་ནུའི་ཚན་རིག་དཔེ་ཀློག་དར་སྤེལ་ལས་འགུལ་གྱི་ས་ཚིགས་དང་པོ་དེ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནས་སྤེལ།
རེབ་འདིའི་བྱ་འགུལ་དུ་ཁྲི་ཀ་རྫོང་གི་ཆུང་འབྲིང་སློབ་གྲྭའི་དགེ་རྒན100ལྷག་དང་སློབ་གྲྭའི་དགེ་སློབ500ལྷག་ལ་ཚན་རྩལ་དཔེ་ཀློག་སྐོར་གྱི་འཆད་ཁྲིད་གནང་། ལས་འགུལ་འདི་ནི་བོད་ཁུལ་གྱི་ན་ཆུང་སློབ་བུའི་ཚོགས་ལ་ཚན་རྩལ་དཔེ་ཀློག་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་དང་དྲིལ་སྒྲོག་བྱས་ཤིང་། རྒྱ་ཆེའི་བོད་རིགས་ན་ཆུང་སློབ་བུ་དག་ལ་ཚན་རྩལ་གྱི་ཤེས་བྱ་ཁ་སྐོང་གི་ཆེད་དུ་དཔེ་དེབ་མང་པོ་གནང་སྦྱིན་བྱས་ཏེ་ཚན་རིག་ཤེས་བྱར་ངོས་ཟིན་ཟབ་མོ་ཡོད་པ་དང་ཚན་རྩལ་སྤུས་ཚད་ལ་སྐུལ་འདེད་བྱས་ནས་ཚན་རིག་ལ་དགའ་ཞིང་ཚན་རིག་སློབ་པར་སྤྲོ་བ། ཚན་རྩལ་བཀོལ་བའི་གོམས་གཤིས་ཆགས་པར་སྐུལ་འདེད་བྱས།
ཐེངས་འདིའི་འཆད་ཁྲིད་ལ་ཀྲུང་གོ་ཚན་རྩལ་ཁྱབ་གདལ་རྩོམ་པ་པོའི་རྒྱུན་ལས་འགན་འཛིན། དྲུང་ཡིག་གཞོན་པ་སྐུ་ཞབས་ཡིན་ཁྲོན་ཧོན་གདན་ཞུ་བྱས་ཏེ་ཁོས་སློབ་བུ་དག་ལ་ཚན་རིག་ལ་འཇུག་ཞོར་ཕུགས་འདུན་མངོན་འགྱུར་བྱེད་ཅེས་པ་བརྗོད་གཞི་གཏན་འཁེལ་བྱས་ནས་འཆད་ཁྲིད་གནང་བ་ན། ཁོང་གི་ཚིག་ཉུང་དོན་བསྡུས། ཐད་མཐོང་རང་བཞིན་ཆེ་ཞིང་སློབ་བུའི་བློ་ཁར་འཚམ་པའི་གསུང་བཤད་ཀྱིས་སློབ་བུ་ཀུན་ལ་ཚན་རིག་གི་དགོས་གལ་རང་བཞིན་རྟོགས་སུ་བཅུག་ཅིང་ཚན་རིག་ལ་དགའ་ཞིང་ཚན་རིག་སློབ་པར་སྤྲོ་བའི་མོས་པ་སྐྱེད་སྲིང་བྱས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com