ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ཐ་སྙད་ཉན་འབྲིའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-17 08:28:00 ཀློག་གྲངས།:

ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ཐ་སྙད་ཉན་འབྲིའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་ཐ་སྙད་ཉན་འབྲིའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

     དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རིག་རྩལ་དང་ལུས་རྩལ་གྱི་བྱ་འགུལ་སྣ་ཚོགས་མཇུག་བསྡུས་ནས་བདུན་ཕྲག་གཉིས་ལྷག་འགོར་བའི་སྐབས་འདིར། སློབ་མ་རྣམས་ཀྱིས་བློ་དང་རིག་པ་ཡང་བསྐྱར་སློབ་སྦྱོང་གི་ཕྱོགས་སུ་འཁོར་བ་དང་། ཁོ་ཚོ་ཡི་སློབ་སྦྱོང་གི་འདུན་པ་དང་ཁྱད་ཆོས་འབུར་དུ་ཐོན་ཆེད་དུ། ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སློབ་མ་དག་ལ་རྒྱ་ཡིག་ཉན་འབྲིའི་འགྲན་སྡུར་གྱི་བྱ་འགུལ་དེ་སློབ་གྲྭའི་ལུས་རྩལ་ར་བ་ནས་སྤེལ།
      མིང་ཚིག་ཉན་འབྲི་ནི་སློབ་ཆུང་སློབ་མ་ཞིག་ལ་མཚོན་ན་དུས་རྒྱུན་སློབ་ཁྲིད་ཀྱི་ཁྲོད་ནས་མེད་དུ་མི་རུང་བ་ཞིག་ཡིན་ལ། མིང་དང་ཚིག་གི་དག་ཆ་དང་། མིང་དང་ཚིག་གི་བསྟན་དོན་སོགས་རིམ་གྱིས་རིམ་གྱིས་ཡོད་ལ་ངེས་སུ་འཇུག་པ་ལ། དེ་ཡང་། གང་ཞིག་མཁས་པར་འགྱུར་འདོད་ན། །ཉི་མ་རེ་ལ་ཚིག་རེ་ཟུངས། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །ཟེར་བ་ལྟར་ཐ་སྙད་བློ་འབྲི་ནི་སློབ་ཆུང་སློབ་མའི་སློབ་སྦྱོང་གི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
     དེ་བས། ཐེངས་འདིར་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སློབ་མ་དག་ལ་རྒྱ་ཡིག་ཐ་སྙད་ཉན་འབྲིའི་བྱ་འགུལ་སྤེལ་བ་འདིས། སློབ་ཆུང་སློབ་མ་དག་གིས་རྒྱ་ཡིག་གི་ཐ་སྙད་ངོས་འཛིན་དང་བློ་འབྲི་བྱེད་པར་ཕན་ཐོགས་ངེས་ཅན་བྱུང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།