ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོའི་དཔྱད་བསྡུར་སྤེལ།
ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོའི་དཔྱད་བསྡུར་སྤེལ།
གཟབ་ནན་ངང་དཔྱད་སྡུར་གནང་བཞིན་པའི་ཚུལ།(སློབ་ཆུང་གི་ཚན་ཁག)
ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ་འགྲན་སྡུར་སྐབས་དང་པོའི་དཔྱད་བསྡུར་བྱ་འགུལ་དཔའ་རིས་མི་རིགས་སློབ་འབྲིང་དུ་སྤེལ་མགོ་བརྩམས། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོའི་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགོ་ཁྲིད་དང་དཔྱད་བསྡུར་དུ་ཕེབས་པའི་ལྗོངས་ཞིང་ལྔའི་ཆེད་མཁས་པ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་འབྲེལ་ཡོད་འགོ་ཁྲིད། དཔའ་རིས་རྫོང་གི་བོད་རྒྱ་སྐད་གཉིས་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་བཅས་མི་གྲངས150ལྷག་མཛད་སྒོར་ཞུགས།
གཟབ་ནན་ངང་དཔྱད་སྡུར་གནང་བཞིན་པའི་ཚུལ།(དམའ་འབྲིང་གི་ཚན་ཁག)
གཟབ་ནན་ངང་དཔྱད་སྡུར་གནང་བཞིན་པའི་ཚུལ།(མཐོ་འབྲིང་གི་ཚན་ཁག)
ཐེངས་འདིའི་འབུལ་སྤྲོད་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་བོད་རྩོམ2540ལྷག་ཡོད་ ལ། དེའི་ནང་དུ་མཐོ་འབྲིང527དང་དམའ་འབྲིང602། སློབ་ཆུང་ལོ་རིམ་མཐོ་ཁག1251། སློབ་ཆུང་ལོ་རིམ་དམའ་ཁག162བཅས་ཡོད།
ཚོགས་རའི་ཟུར་ཞིག
དཔྱད་བསྡུར་ཚོགས་ཆུང་གི་དཔྱད་འདེམས་པའི་མིང་ཐོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com