གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཟབ་སྦྱོང་འཛིན་གྲྭའི་དགེ་སློབ་དག་ལ་བྱ་དགའ་གནང་བའི་མཛད་སྒོ།

རྩོམ་པ་པོ།:གཅན་རྣམ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-15 08:50:00 ཀློག་གྲངས།:


གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཟབ་སྦྱོང་འཛིན་གྲྭའི་
དགེ་སློབ་དག་ལ་བྱ་དགའ་གནང་བའི་མཛད་སྒོ་བསྡུས།


སློབ་བུ་ཚོས་དར་དཀར་པོའི་ཁ་བཏགས་ལག་ཏུ་བཟུང་སྟེ་མཚན་འཛིན་ཚོགས་གཙོ་
ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་ལ་བསུ་བ་གནང་བཞིན་པ།

     ཟླ8པའི་ཚེས11ཉིན། གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པས་བསྒྲུབས་པའི་སྐབས་ལྔ་བའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་དེ་གཅན་ཚ་རྫོང་མཁར་གྱི་ལྷོ་རི་ཉེ་འདབས་ཀྱི་ཁང་སྟོང་ཞིག་ནས་བདེ་བླག་དང་གཟབ་རྒྱས་ངང་བསྡུས་ཤིང་། དགེ་རྒན་ཕུལ་བྱུང་དང་བསླབ་འབྲས་ཕུལ་དུ་བྱུང་བའི་སློབ་མ་རྣམས་ལ་བྱ་དགའ་གནང་བ་རེད།


ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་རྣམས་ལ་བྱ་དགའ་གནང་བ།


བསླབ་འབྲས་ཕུལ་བྱུང་བླངས་པའི་སློབ་མ་རྣམས་ལ་བྱ་དགའ་གནང་བཞིན་པ།

     ཐེངས་འདིའི་ཟབ་སྦྱོང་ལ་བསྡོམས་པས་འཛིན་གྲྭ5ཡོད་དེ།  དམའ་གཅིག་འཛིན་གྲྭ་གཅིག་དང་། དམའ་གཉིས་འཛིན་གྲྭ་གཅིག མཐོ་གཅིག་འཛིན་གྲྭ་གཅིག སློབ་ཆུང་ལོ་རིམ་བཞི་བའི་འཛིན་གྲྭ་གཅིག  སློབ་ཆུང་ལོ་རིམ་ལྔ་བའི་འཛིན་གྲྭ་གཅིག་བཅས་སློབ་མ150ལྷག་ཟབ་སྦྱོང་དུ་ཞུགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།