མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མས་མཐོ་རྒྱུགས་ཀྱི་གྲུབ་འབྲས་ལེགས་པོ་བླངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-01 10:23:00 ཀློག་གྲངས།:

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་རིག་ཚན་དང་རྩིས་ཚན་གྱི་མཐོ་རྒྱུགས་ཨང་དང་པོ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་རིག་ཚན་དང་རྩིས་ཚན་གྱི་མཐོ་རྒྱུགས་ཨང་དང་པོ།

     2014ལོར། མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སློབ་གསོ་ཅུའུ་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་འོག མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་སློབ་ཡོངས་ཀྱི་ཧུར་བརྩོན་ཆེན་པོར་བརྒྱུད། ད་ལོར་མཐོ་རྒྱུགས་ཀྱི་གྲུབ་འབྲས་ལེགས་པོ་བླངས།
     2014ལོའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་མཐོ་འབྲིང་སློབ་མ་བསྡོམས་པས4626ཡོད་ཅིང་། དེ་ལས་རིག་ཚན་གྱི་རྒྱུགས་སྤྲོད་མཁན3341དང་། རྩིས་ཚན་གྱི་རྒྱུགས་སྤྲོད་མཁན1285ཡོད་ལ། ཡང་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་མཁན་སློབ་མ་དེ་མཚོ་སྔོན་དུ་དངོས་གཞིའི་སློབ་མ་བསྡུ་གྲངས་ནི445དང་། དེ་ལས་རིག་ཚན་གྱི་སློབ་མ242དང་རྩིས་ཚན་གྱི་སློབ་མ203ཡིན།
     མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་མཐོ་རྒྱུགས་ལ་ཞུགས་པའི་མཐར་ཕྱིན་སློབ་མ་བསྡོམས་པས730ཡོད་ཅིང་། དེ་ལས་རིག་ཚན་གྱི་རྒྱུགས་ལ་ཞུགས་མཁན་སློབ་མ395དང་རྩིས་ཚན་གྱི་རྒྱུགས་ལ་ཞུགས་མཁན་སློབ་མ335ཡིན།
     དངོས་གཞི་རུ་རྒྱུགས་འཕྲོད་པའི་སློབ་མའི་ཁ་གྲངས130དང་། དེ་ལས་རིག་ཚན་དུ་འཕྲོད་པའི་སློབ་མ59དང་སློབ་ཆེན་ལ་རྒྱུགས་འཕྲོད་ཚད14.9%ཡིན་ལ། ཞིང་ཆེན་ཡོངས་ཀྱི་དངོས་གཞི་སློབ་མ་བསྡུ་གྲངས་ཀྱི24%ཟིན། རྩིས་ཚན་དུ་རྒྱུགས་འཕྲོད་པའི་སློབ་མ71དང་སློབ་ཆེན་ལ་རྒྱུགས་འཕྲོད་ཚད21.2%དང་། ཞིང་ཆེན་ཡོངས་ཀྱི་དངོས་གཞི་སློབ་མ་བསྡུ་གྲངས་ཀྱི35%ཟིན།
     གྲ་སྒྲིག་ཚན་ཁག་ལ་རྒྱུགས་འཕྲོད་པའི་སློབ་མ169དང་། དེ་ལས་རིག་ཚན་དུ་འཕྲོད་པའི་སློབ་མ34དང་རྩིས་ཚན་དུ་འཕྲོད་པའི་སློབ་མ135ཡིན།
     མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་རིག་ཚན་ལ་རྒྱུགས་སྤྲོད་པའི་སློབ་མ་ཚེ་རིང་དོན་གྲུབ་ཀྱིས་སྐར་མ551ལས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་སློབ་མའི་ཨང་དང་པོ་བླངས་ཤིང་། སྐར་མ་དབང་སྒྲོལ་དང་མཁའ་འགྲོ་མཚོ་གཉིས་ཀྱིས་སོ་སོས་སྐར་མ527དང502ལས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་སློབ་མའི་ཨང་བཅུ་གཉིས་དང་ཨང་བཅུ་དགུ་པ་བླངས། རྩིས་ཚན་ལ་རྒྱུགས་སྤྲོད་པའི་སློབ་མ་གསེར་མོ་མཚོ་དང་རྡོ་རྗེ་བཀྲ་ཤིས་གཉིས་ཀྱིས་སོ་སོས་སྐར་མ488དང486ལས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་སློབ་མའི་ཨང་དང་པོ་བླངས་པ་དང་། རྒྱ་མོ་སྐྱིད་དང་། རྒྱལ་ལོ་ཚེ་རིང་། འཕགས་མོ་ཚེ་རིང་། གསང་བདག་སྐྱིད་བཅས་སློབ་མ་བཞིས་སོ་སོས་སྐར་མ472དང458། 456(འདྲ་མཉམ་གཉིས)ལས་ཞིང་ཆེན་ཡོངས་ཀྱི་མི་རིགས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་རྩིས་ཚན་སློབ་མའི་ཨང་བཞི་བ་དང་། བརྒྱུད་པ། བཅུ་བ(གཉིས)བཅས་བླངས་པ་རེད།
     འདི་ལྟ་བུའི་གྲུབ་འབྲས་ལེགས་པོ་བླངས་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་། སློབ་གྲྭའི་དགེ་རྒན་རྣམས་ལ་མཐུན་སྒྲིལ་དང་བརྩོན་པ། མཚོ་ལྷོ་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་རོགས་སྐྱོར་སོགས་དང་ཁ་འབྲལ་མི་ཐུབ་ཅིང་། གྲུབ་འབྲས་ལེགས་པོ་ངེས་ཅན་ཞིག་བླངས་ཡོད་ནའང་། མཚོ་ལྷོའི་རྒྱ་ཆེ་བའི་མང་ཚོགས་ཀྱི་རེ་བ་དང་། སློབ་མའི་འདུན་མ། སློབ་གྲྭའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་དགོངས་པ་དང་ད་དུང་བར་ཐག་ངེས་ཅན་ལྡན་པ་ཡིན། དེར་བརྟེན་གོང་རིམ་སྡེ་ཁག་དང་རིམ་པ་སོ་སོའི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག མུ་མཐུད་དུ་སློབ་གྲྭའི་དགེ་སློབ་ཡོངས་རྡོག་རྩ་གཅིག་སྒྲིལ་གྱིས་ཧུར་བརྩོན་བྱས་ཏེ་ཁུལ་ཡོངས་མི་དམངས་ལ་ཡིད་ཚིམ་པའི་གཡུར་ཟའི་གྲུབ་འབྲས་སྟོན་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།