མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-24 09:51:00 ཀློག་གྲངས།:


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྤེལ་བ།

      དཔེ་ཆ་ནི་མིའི་རིགས་ཀྱི་བསམ་པའི་སྙིང་སྟོབས་ཀྱི་ཁྱད་ནོར་ཡིན་ཞིང་། ཉམས་མྱོང་བསགས་པའི་ཞུན་ཐིགས་དང་། མ་འོངས་ལ་བསྐྱོད་པའི་རྨང་རྡོ་ཡིན། དཔེ་ཀློག་བྱེད་པ་ནི་མི་རྣམས་ཀྱིས་སློབ་སྦྱོང་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རིག་གནས་རྒྱུན་འཛིན་གྱི་བརྒྱུད་ལམ་དང་། མིའི་རིགས་འཕེལ་རྒྱས་ཀྱི་སྐས་རིམ་ལྟ་བུ་ཞིག་ཡིན།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྤེལ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྤེལ་བ།

      དེ་ཡང་སློབ་མ་རྣམས་ཀྱི་དཔེ་ཀློག་བྱེད་ཚད་མཐོར་འདེགས་དང་སློབ་མའི་སྐད་རིགས་ཐ་སྙད་གསོག་འཇོག  སློབ་རའི་རིག་གནས་ཁ་དབུགས་ཇེ་ལེགས། སློབ་མའི་རང་གཤིས་འཕེལ་རྒྱས་ལ་སྐུལ་འདེད་དང་། སློབ་མ་སོ་སོས་དཔེ་ཆ་དང་གྲོགས་སུ་སྡེབ་སྟེ་དཔེ་ཀློག་ལ་སྤྲོ་ཞིང་དཔེ་ཀློག་བྱེད་བདེ་བ། དཔེ་ཆ་ལེགས་པོ་ཀློག་པའི་གོམས་སྲོལ་གསོ་སྐྱོང་བཅས་བྱེད་ཆེད། ཉེ་སྔོན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དཔེ་ཀློག་ཚོགས་པས་གཙོ་སྒྲུབ་གནང་བའི་ཀློག་པ་པོ་ཆུང་ཆུང་རྟགས་མའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྐབས་གཉིས་པ་དེ་སློབ་གྲྭའི་རྩལ་སྦྱོང་ར་བ་རུ་སྤེལ་ཞིང་། མཐོ་གཅིག་དང་མཐོ་གཉིས་ཀྱི་དགེ་སློབ2000ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྤེལ་བ།

      ཐེངས་འདིའི་འགྲན་བསྡུར་ནི་མི་སྒེར་དང་ཐུན་མོང་བཅས་རྣམ་པ་གཉིས་ཀྱི་སྒོ་ནས་སྤེལ་བ་དང་། དུས་ཡུན་ཆུ་ཚིད4ཡི་འགྲན་བསྡུར་བརྒྱུད་མཐར། མཐོ་གཅིག་འཛིན་གཅིག་སོགས་འཛིན་གྲྭ5ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་ཅིང་། རྡོ་རྗེ་སྐྱབས་དང་འཇིགས་བྱེད་སྐྱབས་སོགས་སློབ་མ10ལ་དཔེ་ཀློག་ཆུང་ཆུང་རྟགས་མའི་གཟེངས་རྟགས་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།