མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་བྱེད་སྒོ་སྤེལ།
མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་བྱེད་སྒོ་སྤེལ།
ཉེ་སྔོན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་འཛམ་གླིང་དཔེ་ཀློག་ཉིན་མོར་རྗེས་དྲན་བྱེད་ཆེད་སློབ་གྲྭའི་ཐང་ཆེན་དུ་དཔེ་ཀློག་བྱ་འགུལ་སྤེལ་ཞིང་། མཐོ་གཅིག་འཛིན་གྲྭའི་དགེ་སློབ1000ལྷག་ཐེངས་འདིའི་བྱ་འགུལ་དུ་ཞུགས།
མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་བྱེད་སྒོ་སྤེལ།
ཕྱི་དྲོའི་ཆུ་ཚོད7:30སྟེང་། སློབ་གསོའི་ཐོག་ཁང་ལྔ་བའི་གྲོས་ཚོགས་ཚོམས་ཁང་དུ་དཔེ་ཀློག་ཏུ་ཞུགས་མཁན་རྣམས་ཕན་ཚུན་གླེང་མོལ་བྱས་ཤིང་། བསྡོམས་པས་ཚོགས་མི70དཔེ་ཀློག་གླེང་མོལ་དུ་ཞུགས་ཡོད།
དཔེ་ཀློག་བགྲོ་གླེང་།
འཛམ་གླིང་དཔེ་ཀློག་ཉིན་མོའི་རྗེས་དྲན་བྱ་འགུལ་ནི་སློབ་གྲྭ་འདིས་སློབ་གྲྭའི་ཁ་དབུགས་ལེགས་པོ་དང་། དགེ་སློབ་ཀྱི་དཔལ་ཡོན་གསོ་སྐྱོང་ལ་ཤུགས་སྣོན་བྱེད་པར་གོ་སྐབས་ཆེན་པོ་ཞིག་ཡིན་པ་མ་ཟད། སློབ་གྲྭས་སྔར་ལས་ལྷག་པར་དཔེ་ཀློག་འདུ་ཚོགས་འཛུགས་སྐྲུན་བྱེད་པའི་གོ་སྐབས་ཤིག་ཀྱང་རེད། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་འདུ་ཚོགས་བཙུགས་པ་ནས་བཟུང་། སློབ་མ་གང་མང་རང་འགུལ་གྱིས་བྱེད་སྒོར་ཞུགས་པར་སྣེ་ཁྲིད་ཅིང་། རིག་གཞུང་བགྲོ་གླེང་དང་བློ་སྒོ་འབྱེད་པའི་བྱ་འགུལ་དག་ལས་སློབ་སྦྱོང་གི་ཁ་དབུགས་དང་སློབ་རའི་རིག་གནས་འཛུགས་སྐྲུན་ཐད་དགེ་མཚན་ཟབ་མོ་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com