དགེ་རྒན་ཡུལ་ལྷ་ཐར་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་ཁྲིད་གནང་།
དགེ་རྒན་ཡུལ་ལྷ་ཐར་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་ཁྲིད་གནང་།
ཟླ4བའི་ཚེས17ཉིན་གྱི་ཆུ་ཚོད19:00སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གིས་རིག་ཚན་ཐོག་ཁང་ཆེན་མོའི་སྨྱན་གཟུགས219སློབ་ཁང་དུ་དགེ་ཐོན་སློབ་ཆེན་བོད་སྐད་ཡིག་རིག་གནས་དུས་ཆེན་མུ་འབྲེལ་བྱ་འགུལ་སྐབས་གཉིས་པའི་དགེ་ཐོན་སློབ་ཆེན་བོད་རིག་པའི་གླེང་སྟེགས་ཞེས་པའི་བྱེད་སྒོ་དུས་ལྟར་སྤེལ་ཞིང་། སློབ་གླིང་གཞན་དག་གི་དགེ་རྒན་དང་། ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ། དེ་མིན་སློབ་གྲྭའི་ཕྱིའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་ཁ་ཤས་ཀྱང་ཆེད་དུ་གནས་འདིར་སླེབས་ཏེ་ཐེངས་འདིའི་སློབ་ཁྲིད་ལ་གསན།
ཐེངས་འདིའི་བོད་རིག་པའི་འབུམ་རམས་པའི་གླེང་སྟེགས་མུ་འབྲེལ་སློབ་ཁྲིད་ཀྱི་གདན་ཞུ་དགེ་རྒན་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་ཡུལ་ལྷ་ཐར་ཡིན་ཞིང་། ཁོང་གིས《དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་བོད་མི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་འཕེལ་འགྱུར》ཞེས་པ་བརྗོད་དོན་དུ་བཟུང་སྟེ་སློབ་ཁྲིད་གནང་ལ། དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེས་སློབ་ཁྲིད་འདིར་མདོ་འཛིན་མཛད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com