མཚོ་ལྷོ་ཁུལ་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་སློབ་མའི་འཚོ་བ།
སློབ་གསེང་གི་སྐབས་སུ་སློབ་མས་རོལ་མོ་དཀྲོལ་བ།
ཟླ4བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ་སློབ་ཕྲུག་ཚོས་སློབ་གསེང་གི་སྐབས་སུ་ལྒིང་ལི་རྒྱག་པའམ་རོལ་མོ་གཏོང་བ། ཡང་ན་ཐག་མཆོང་བྱེད་པ་སོགས་སོ་སོའི་དགའ་མོས་ཀྱི་རྩེད་འཇོ་ལ་རོལ་བ་རེད།
རྩེད་འཇོར་རོལ་བ།
སློབ་གྲྭ་འདིར་བསྡོམས་པས་སློབ་མ2400ཡོད་ཅིང་། དེ་ལས་བཅའ་སྡོད་བྱེད་པའི་སློབ་མས58%ཟིན་ལ། མང་ཆེ་བ་ནི་ད་དུང་བདག་སྐྱོང་བྱེད་དགོས་པའི་བྱིས་པ་ཆུང་ཆུང་དག་རེད། དེར་བརྟེན་སློབ་གྲྭས་ཆེད་དུ་བྱིས་པ་ཆུང་ཆུང་འདི་དག་ལ་བདག་སྐྱོང་བྱེད་མཁན་བཀོད་སྒྲིག་བྱས་ནས་བྱིས་པའི་གྱོན་པ་དང་ལུས་པོ་གཙང་སྦྲ། འགྲོ་འདུག་ཉལ་གསུམ་སོགས་ལ་བདག་བྱེད་པ་ཡིན།
ལྒིང་ལི་རྒྱག་པ།
སློབ་གྲྭ་འདིས་སློབ་མའི་བཟའ་བཏུང་ལ་དོ་སྣང་ཆེན་པོ་གནང་གིན་ཡོད་ཅིང་། དུས་རྒྱུན་སློབ་མ་རྣམས་ཀྱི་ལག་ཏུ་སྒོར་འགའ་རེ་ཡོད་ཚེ་དེ་མུར་གད་སྙིགས་ཟས་རིགས་ཉོས་ཏེ་བཟའ་བ་ཡིན་ལ། གད་སྙིགས་ཟས་རིགས་དེ་དག་གིས་སློབ་མའི་ལུས་ཕུང་བདེ་ཐང་ལ་གནོད་རྐྱེན་མི་དམའ་པ་བཟོས་པས་སློབ་སྦྱོང་ལའང་བར་ཆད་བཏང་ཐོག སློབ་གྲྭས་ཆེད་དུ་སློབ་མའི་བདེ་ཐང་ལ་ཁ་གཏད་དེ་ཁྱིམ་བདག་རྣམས་སློབ་མར་ལྟ་རུ་ཡོང་ནའང་ཁྱིམ་གྱི་གོ་རེ་ལས་གཞན་ཟས་རིགས་དང་སྐོམ་ཆུ་སོགས་ཅི་ཡང་འཁྱེར་ཡོང་མི་ཆོག་པར་གཏན་འཁེལ་བྱས་པ་མ་ཟད། ཁྱིམ་བདག་དག་གིས་སློབ་གྲྭའི་ར་སྐོར་དུ་དུ་བ་འཐེན་མི་ཆོག་པར་བྱས་ཏེ་ད་ལྟའི་བར་ཕན་འབྲས་ལེགས་པོ་མངོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com