དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་གྱིས་བོད་རིག་པའི་གླེང་སྟེགས་སུ་སློབ་ཁྲིད་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 11:25:00 ཀློག་གྲངས།:

དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་གྱིས་བོད་རིག་པའི་གླེང་སྟེགས་སུ་སློབ་ཁྲིད་བྱེད་པ།
དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་གྱིས་བོད་རིག་པའི་གླེང་སྟེགས་སུ་སློབ་ཁྲིད་བྱེད་པ།

      ཟླ3པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད7:00གྱི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་རིག་པའི་འབུམ་རམས་པའི་གླེང་སྟེགས་ཀྱི་མུ་འབྲེལ་སློབ་ཁྲིད(བཞི་བ)དེ་སློབ་གྲྭ་འདིའི་སློབ་གླིང་ལྷོ་མའི་རིག་ཚན་སློབ་ཁང་ཆེན་མོའི་སློབ་ཁང219རུ་སྤེལ་ཞིང་། དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་གྱིས་འབྲེལ་ཡོད་བོད་རིགས་མང་ཚོགས་ཀྱི་ཡུལ་ལྷར་དད་མོས་ལ་ཞིབ་འཇུག་ཅེས་པའི་སློབ་ཁྲིད་གནང་བ་སྟེ། ནང་དོན་དུ། 1 ཡུལ་ལྷའི་རྒྱ་ཡུལ་གྱི་ལོ་རྒྱུས། 2 བོད་ཁུལ་དུ་ཡུལ་ལྷར་དད་མོས་བྱེད་པའི་བརྒྱུད་རིམ་དང་བཤད་རྒྱུན་སྣ་ཚོགས། 3 བོད་ཁུལ་དུ་ཡུལ་ལྷར་དད་མོས་བྱེད་པའི་ས་ཁོངས། 4 བོད་རིགས་མི་དམངས་དང་སྒོས་སུ་ཁྲི་ཀ་མི་དམངས་ཀྱིས་ཡུལ་ལྷར་དད་མོས་བྱེད་སྟངས་སོགས་འདུས།
      དགེ་རྒན་ཆེན་མོ་རྟ་མགྲིན་རྒྱལ་གྱི་སློབ་ཁྲིད་ལ་ཡུལ་དངོས་དགེ་སློབ150ལྷག་གི་དགའ་བསུ་ཐོབ་ཅིང་། མཐར་དྲི་བ་དྲིས་ལན་གྱི་ཚུལ་དུ་སློབ་ཁྲིད་མཇུག་རྫོགས་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།