དགེ་རྒན་སྐལ་བཟང་འབུམ་གྱིས་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་ཐད་ནས་སློབ་ཁྲིད་བྱས།
དགེ་རྒན་སྐལ་བཟང་འབུམ་གྱིས་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་ཐད་ནས་འཆད་ཁྲིད་བྱས།
སྤྱི་ཟླ12པའི་ཚེས4ཉིན་ཏེ་གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་དགོང་མོའི་ཆུ་ཚོད7:00གྱི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་སྤེལ་བའི་སྐབས་དང་བོའི་རིག་གཞུང་འཆད་ཁྲིད་ཀྱི་ཚོགས་འདུ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཤར་གླིང་ལས་གཟབ་རྒྱས་ངང་ཚོགས། ཚོགས་ཞུགས་མི་སྣ་ལ་དགེ་ཐོན་སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་རིས་མེད་ཀྱི་སློབ་མ་དག་ཡོད།
དགེ་རྒན་སྐལ་བཟང་འབུམ་གྱིས་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་ཐད་ནས་འཆད་ཁྲིད་བྱས།
ཐེངས་འདིའི་འཆད་ཁྲིད་དགེ་རྒན་ནི་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་ཡིན་ལ། ཁོང་གི་འཆད་བྱ་གཙོ་བོ་ནི་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་གྱི་སྐོར་ཡིན་ཞིང་། དེ་ལས་འཕྲོས་ཏེ་དེང་རབས་བོད་ཀྱི་སློབ་ཆེན་སློབ་མའི་སློབ་སྦྱོང་བྱེད་སྟངས་སོགས་མིག་སྔའི་གནས་ཚུལ་མང་བོ་ལ་དོན་དངོས་དང་མཐུན་པའི་དཔྱད་འཇོག་བྱས།
དགེ་རྒན་སྐལ་བཟང་འབུམ་གྱིས་དེང་རབས་རྒྱ་བོད་ཚན་རྩལ་ཡིག་སྒྱུར་ཐད་ནས་འཆད་ཁྲིད་བྱས།
ཚོགས་ཐོག་ཏུ་ད་དུང་དགེ་རྒན་ཁོ་རང་ཉིད་ཀྱིས་ལོ་ངོ་བདུན་ལྷག་ལ་ཞིབ་འཇུག་བྱས་ནས་གསར་རྩོམ་གནང་བའི་རྒྱ་བོད་སྒྲ་སྒྱུར་ཚད་གཞིའི་རེའུ་མིག་གསར་བ་སྒྱུར་རྩལ་ཐུར་མའི་མཆོང་འགྲོས་ཞེས་པའི་མ་ཡིག་དཔར་མ་དེ་སློབ་མ་ཚོར་བཀྲམ་པ་དང་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། མཇུག་མཐར་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་ཐེངས་གཉིས་པའི་ཡིག་སྒྱུར་གྱི་འཆར་གཞི་གཏན་ལ་ཕབ་ཅིང་ཚོགས་མི་ཡོངས་ལ་དེའི་ཐད་ཀྱི་ལས་འགན་བགོས་ནས་ཚོགས་འདུ་ཡོངས་སུ་མཇུག་རྫོགས་པར་བྱས།
སློབ་ཁྲིད་གནང་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com