ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་བསྟར་བརྗོད་དོན་གྱི་སློབ་ཁྲིད་བྱ་འགུལ་སྤེལ།
ཟླ11པའི་ཚེས17ཉིན་གྱི་དགོང་མོ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་ཁྲིམས་ལུགས་འབུམ་རམས་པའམ་ནུབ་བྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ལུང་དབྱིན་ཆང་གདན་འདྲེན་ཞུས་ཤིང་། ཁོང་གིས་ནུབ་བྱང་མི་རིགས་སློབ་ཆེན་ཡུའུ་ཀྲུང་སློབ་ཁུལ་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཀྲུང་གོའི་ཁྲིམས་འཛིན་བཅོས་སྒྱུར་དང་བོད་ཁུལ་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་བསྟར་ལ་སྐུལ་འདེད་ཀྱི་དོན་སྙིང་ལྡན་པ་ཞེས་པའི་རིག་གཞུང་སློབ་ཁྲིད་གནང་ཞིང་། བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ལྕགས་རྡོ་སྐྱབས་ཀྱིས་མདོ་འཛིན་མཛད་པ་དང་། སློབ་གླིང་གི་དགེ་སློབ་སོགས་སྡོམ་པས་མི450ལྷག་གིས་ཐེངས་འདིའི་སློབ་ཁྲིད་ལ་གསན་པ་རེད།
ཐེངས་འདིའི་སློབ་ཁྲིད་ཀྱིས་སློབ་མ་རྣམས་ཀྱི་ཁྲིམས་ལུགས་རྒྱུན་ཤེས་མཐོར་འདེགས་སུ་བཏང་བ་མ་ཟད། རང་རྒྱལ་གྱི་ཕྱོགས་ཡོངས་ནས་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་དང་ཁྲིམས་འཛིན་བཅོས་སྒྱུར་གྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་པ་བྱུང་ཞིང་། ཞོར་དུ་དགེ་རྒན་ལུང་དབྱིན་ཆང་གིས་སློབ་མ་རྣམས་ལ་བོད་རྒྱ་སྐད་གཉིས་སྦྱོང་དགོས་པར་སྐུལ་ལྕགས་གནང་བ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་ཁྲིམས་སྐྱོང་སྙིང་སྟོབས་དང་ཁྲིམས་ལུགས་ཀྱི་རྨང་གཞི་ཤེས་བྱ་སློབ་སྦྱོང་སྒོས་བོད་ཁུལ་རོང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་གྱོད་དོན་སྣ་ཚོགས་ལ་རོགས་རམ་དང་ཁྲིད་སྟོན་བྱེད་པ་དང་། རང་འགུལ་སྒོས་ཀྲུང་གོའི་བོད་རྒྱ་སྐད་གཉིས་ཁྲིམས་བསྟར་ལ་ཞུགས་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་སྒྲིག་ཁྲིམས་གཏན་འཇགས། དྲང་བདེན་དང་འདྲ་མཉམ་སྐྱོང་བ་བཅས་བྱེད་པར་བརྒྱུད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com