སྐབས་དང་པོའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩམ་བྲོ་ཞེས་པའི་གཏམ་བཤད་འགྲན་སྡུར་སྤེལ།
རྟིང་རྩད་འགྲན་སྡུར་གྱི་དཔྱད་འདེམས་པ་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ལྷུན་གྲུབ་རྡོ་རྗེ་སོགས།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་དུས་ཆེན་ལས་སྐབས་དང་པོའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩམ་བྲོ་ཞེས་པའི་གཏམ་བཤད་འགྲན་སྡུར་ནི་དགེ་ཐོན་སློབ་ཆེན་གྱི་སློབ་ཆེན་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་གཏམ་བཤད་ཀྱི་ནུས་པ་སྐྱེད་སྲིང་བྱ་ཆེད་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གིས་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་ཐོག2011ལོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་འཛིན་གྲྭས་གཙོ་སྒྲུབ་བྱས་པ་ཡིན།
སློབ་གྲོགས་དཔལ་མགོན་གྱི་དམངས་གླུ་སྙན་མོའི་དབྱངས་རྟས་རྟིང་རྩོད་འགྲན་སྡུར་འགོ་བརྩམས་པ།
ཐེངས་འདིའི་འགྲན་བསྡུར་ལ་རིམ་པ་གཉིས་ཡོད་དེ་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་གཉིས་ཡིན། ཐོག་མའི་འགྲན་སྡུར་ནི་ཟླ11པའི་ཚེས17ཉིན་གྱི་དགོང་མོའི་དུས་ཚོད8:00ཀྱི་སྟེང608སློབ་ཁང་དུ་སྤེལ། དེར་སྡེ་ཁག་མི་གཅིག་པའི་འཛིན་གྲྭ་རེ་ནས་སློབ་གྲོགས་གཉིས་རེ་འགྲན་སྡུར་དུ་ཞུགས་ཤིང་སློབ་གྲོགས་སོ་སོས་རང་གི་སྨྲ་ལྕེ་རྒོད་པོ་ངོམ་པར་བརྒྱུད། མཐར་དཔལ་ལྡན་ཚེ་རིང་སོགས་སློབ་གྲོགས10རྟིང་རྩོད་འགྲན་སྡུར་ལ་ཞུགས་རྒྱུའི་གོ་སྐབས་བྱུང་།
བྱ་འགུལ་གཙོ་སྒྲུབ་པའི་མཉམ་པར།རྟིང་རྩོད་འགྲན་སྡུར་དུ་ཞུགས་པའི་སློབ་གྲོགས་བཅུ་བོ་རེ་རེ་བཞིན་འགྲན་སྡུར་ལ་ཞུགས་བཞིན་པ།
ཟླ11པའི་ཚེས20ཉིན་གྱི་དགོང་མོའི་དུས་ཚོད7:00སྟེང་ལྷོ་གླིང་སློབ་ཁྲིད་ཐོག་ཁང་གི543སྐས་རིམ་སློབ་ཁང་དུ་རྟིང་རྩོད་འགྲན་སྡུར་སྤེལ། འགྲན་སྡུར་སྟེང་འབྲེལ་ཡོད་འགོ་ཁྲིད་དང་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ཡུལ་ལྷ་ཐར། ལྷུན་གྲུབ་རྡོ་རྗེ་སོགས་དགེ་རྒན་ཆེན་མོ7དཔྱད་འདེམ་པར་ཕེབས་ཡོད་ལ། རྒྱ་ཆེའི་སློབ་གྲོགས300ལྷག་འགྲན་རར་ཞུགས། རྟིང་རྩོད་འགྲན་སྡུར་དུ་ཞུགས་པའི་སློབ་གྲོགས་བཅུ་བོའི་སྨྲ་ལྕེ་རྒོད་པོས་འགྲན་རར་འདུས་པའི་དགེ་སློབ་དག་གི་ཡིད་དབང་ཕྲོགས།
བྱ་དགའ་ཐོབ་པའི་སློབ་གྲོགས་དག་གི་མཉམ་པར།
ཐེངས་འདིའི་འགྲན་སྡུར་ཁྲོད་སློབ་གྲོགས་སྟོབས་ལྡན་རྡོ་རྗེ་ལ་བྱ་དགའ་ཨང་དང་ པོ་ཐོབ་པ་དང་། རྡོ་རྗེ་རིན་ཆེན་དང་སྤྱང་བླ་མ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དཔལ་ལྡན་ཚེ་རིང་དང་འཇམ་དཔལ་སྐྱབས། རིན་ཆེན་དོན་གྲུབ་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ། གཞན་སློབ་གྲོགས་མགོན་པོ་ཚེ་རིང་དང་མགོན་པོ་སྐྱབས། ལྷ་མགོན་སྐྱབས། གྲགས་པ་བསྟན་འཛིན་བཞི་ལ་རྟིང་སྐུལ་བྱ་དགའ་ཐོབ།
གཏམ་བཤད་འགྲན་སྡུར་གྱི་བརྡ་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com