བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པ།

རྩོམ་པ་པོ།:ཚེ་དབང་དཔལ་འབྱོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-22 10:56:00 ཀློག་གྲངས།:

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པ།
གངས་ལྷའི་བརྩེ་སེམས་ཚོགས་པ།

        གངས་ལྷའི་བརྩེ་སེམས་ཚོགས་པ་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཅུང་སྐད་གྲགས་ཆེ་བའི་བོད་ཡིག་སློབ་ཚོགས་ཡིན་ལ། སྤྱི་ལོ1998ལོར་བོད་སྐད་ཡིག་ལ་དགའ་ཞེན་ཡོད་པའི་བོད་རིགས་སློབ་མ་འགའ་གཙོ་གཉེར་བྱས་འདུག་ལ་ད་ལྟའི་གངས་ལྷའི་བརྩེ་སེམས་ཚོགས་པ་ནི་སྤྱི་ལོ2003ལོར་བོད་ཡིག་སློབ་ཚོགས་ནས་མིང་འགྱུར་བྱས་པ་ཡིན།ད་བར་ལོ་ངོ་བཅོ་ལྔ་ལྷག་ཙམ་རིང་གྱི་ལོ་རྒྱུས་ལྡན་ཡོད།  སློབ་ཚོགས་འདི་ལ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་སློབ་ཚོགས་དང་སྔོན་ཐོན་སློབ་ཚོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་མྱོང་ལ་ད་དུང་བོད་རང་སྐྱོང་ལྗོངས་དང་ཞན་དབྱང་གྲོང་འཁྱེར་རིམ་པའི་པའི་ཕུལ་བྱུང་སློབ་ཚོགས་སློབ་ཚོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད།


གངས་ལྷའི་བརྩེ་སེམས་ཚོགས་པ།

        གངས་ལྷའི་བརྩེ་སེམས་ཚོགས་པའི་རྣམ་ཀུན་གྱི་བྱེད་སྒོའི་ངོས་ན་བརྗོད་ན་གཟའ་འཁོར་རེའི་རེས་གཟའ་སྤེན་པའི་དགོང་མོར་བོད་ཡིག་སློབ་ཚན་གསབ་འཁྲིད་བྱས་ནས་རྒྱ་ཆེའི་བོད་སྐད་ཡིག་ལ་དགའ་ཞེན་ཡོད་པའི་སློབ་མ་རྣམས་ལ་བོད་ཡིག་རྨང་གཞི་སྲ་བརྟན་གཏོང་ཐབས་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་དང་རྒྱ་བོད་ཡིག་བསྒྱུར། བོད་ཡིག་ཡིག་གཏག་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ་བོད་པའི་ངོ་མཚར་ལྡན་པའི་རིག་གནས་རྒྱུད་སྤྲོད་བྱེད་བཞིན་ཡོད་པ་དང་། དེ་བཞིན་གཏམ་བཤད་དང་རྩོམ་ཡིག་འགྲན་བསྡུར། བོད་ཡིག་ཡིགས་རྒྱུགས་གཏོང་བ། བོད་ཀྱི་གླུ་གར་འཁྲབ་སྟོན་བྱེད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མིས་གཙོས་པའི་རྒྱ་ཆེའི་བོད་སྐད་ཡིག་ལ་དགའ་ཞེན་ཡོད་པའི་སློབ་མ་ཡོངས་ལ་རང་རང་གི་འཇོན་ཐང་ངོམས་པའི་གར་སྟེགས་ཞིག་མཁོ་འདོན་བྱས་ཏེ་ཕུལ་བྱུང་གི་སློབ་མ་གསོ་སྐྱོང་བྱེད་པ་ཡིན།

        《སིང་སིང་དྲིལ་བུ》དང《གངས་ལྷའི་སྨྱུག་རིས》ནི་ཚོགས་པ་འདིས་གཉེར་བའི་ཚོགས་མིའི་རྩོམ་ཡིག་དང་ཡིག་གཟུགས་བརྩམས་བྱ་གཅེས་གཏུས་ལས་གྲུབ་པའི་དུས་དེབ་ཞིག་ཡིན། 《སིང་སིང་དྲིལ་བུ》དེ་ཉིད་ཀྱང་མིག་ལམ་དུ་བཤམས་པ་འདི་ནི་གཅིག་ནས་ཕ་སྐད་ལ་ཤ་ཞེན་ཆེ་བའི་ཁོང་རྣམས་ཚོས་ཕ་ཡུལ་དང་རང་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་དྭངས་གཙང་ལྷད་མེད་བརྩེ་དུང་ཞིག་ཀྱང་མཚོན་པར་བྱས་ཡོད་ལ་གཉིས་ནས་ཚོགས་པའི་ཚོགས་མི་དང་འདྲ་བའི་ནང་སར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མའི་ཚོགས་ལ་ཕ་སྐད་དང་བར་ཐག་ཇེ་རིང་དུ་མི་འགྲོ་བར་སླར་ཡང་བོད་སྐད་ཡིག་འདི་ཉིད་སྦྱོང་བའི་གོ་སྐབས་ཞིག་ཐོབ་ཆེད་ཡིན། ཚོགས་པ་འདིའི་ཚོགས་མིས་བྲིས་པའི་རྩོམ་ཡིག་མང་དག་ཞིག《བོད་ལྗོངས་ཉིན་རེའི་ཚགས་པར》དང་དེ་བཞིན《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སོགས་ཀྱི་དུས་དེབ་ཏུ་སྤེལ་མྱོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།